གསར་འགྱུར་ཡིག་ཚགས།
2024-06-21
བཀའ་ཤག་སྐབས་བཅུ་དྲུག་པའི་དགོངས་དོན་བཞིན་བོད་དོན་ཞུ་གཏུགས་ལས་འགུལ་དང་འབྲེལ་བའི་སྐོར།
2024-06-20
ཨ་རི་གཞུང་གིས་རྒྱ་ནག་བཀག་འགོག་བྱེད་ཆེད་བོད་བེད་སྤྱོད་གཏོང་བཞིན་ཡོད་སྐོར་སོགས་བརྗོད་ནས་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་རྡ་རམ་ས་ལར་ཕེབས་གནང་བར་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས་སྐྱོན་བརྗོད་ཀྱི་དཔྱད་གཏམ་སྤེལ་འདུག
2024-06-20
རྒྱ་ནག་གི་སྲིད་བློན་ལི་ཆང་ཨོསི་ཊརེ་ལི་ཡའི་ནང་འཚམས་གཟིགས་སྐབས་ངོ་རྒོལ་བྱེད་མཁན་བསྟན་པ་དར་རྒྱས་ལགས་ལ་ལའེ་ཆང་ལ་དགའ་བསུ་བྱེད་མཁན་རྒྱ་རིགས་སྐོར་ཞིག་གིས་གཅར་རྡུང་བྱས་རྐྱེན་སྨན་ཁང་དུ་འགྲོ་དགོས་བྱུང་ཡོད་པ་རེད།
2024-06-20
བོད་མི་ཚོ་སྐྱབས་བཅོལ་དུ་འབྱོར་ནས་མི་ལོ་དྲུག་བཅུ་ལྷག་སོང་ཡོད་ཀྱང་། སྐབས་དེར་བོད་ནས་ཕེབས་མཁན་གྱི་བོད་མི་བགྲེས་སོང་མང་པོས་ད་ལྟ་ཡང་རང་ཡུལ་དུ་ཕྱིར་ལོག་བྱ་རྒྱུའི་འདུན་པ་མི་བརླག་པར་རེ་ལྟོས་མུ་མཐུད་འཛིན་བཞིན་ཡོད་པ་རེད།
2024-06-20
དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་མང་ཚོགས་ལ་ཆོས་འབྲེལ་དང་འབྲེལ། ཚེ་དབང་བསྩལ་རྒྱུ།
2024-06-19
ད་རེས་སྐུ་ཚབ་ཚོགས་ཚོཊ་ཚུང་གི་ཚོགས་མི་ཡོངས་ནས་བོད་དོན་ལ་སྔར་ལྷག་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་དང་། དེ་རིང་སྔ་དྲོར་༧གོང་ས་མཆོག་གི་སྐུ་མདུན་ནས་མཇལ་ཁ་ཞུས་ཏེ། ཁོང་རྣམ་པའི་མི་ཚེའི་ནང་བརྗེད་དཀའ་བའི་ལམ་སྟོན་དང་བཀའ་སློབ་ཕེབས་སོང་ཞེས་གསུངས་ཡོད་ཅིང་།
2024-06-18
ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་གླེང་བ་མ་ཟད་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་ཐད་ཐེ་བྱུས་བྱེད་མི་འོས་བའི་ནན་བརྗོད་གནང་ཡོད་འདུག
2024-06-14
ཡོ་རོབ་མཐུན་ཚོགས་ཀྱི་དཔོན་རིགས་ཚོས་ད་རེས་བོད་ནང་འཚམས་གཟིགས་དང་མཉམ་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་པ་གསུངས་བྱུང་།
2024-06-13
ཡོ་རོབ་ཀྱི་འོས་བསྡུ་མ་སླེབས་སྔོན་ལ་ཡོ་རོབ་གྲོས་ཚོགས་འཐུས་མིའི་འོས་མི་བརྒྱ་ལྷག་གིས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག་ལ་དེའི་ཁྲོད་ཀྱི་འོས་མི་༢༥ལ་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་འདུག
2024-06-12
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་གཙོས་པའི་དཔོན་རིགས་ཁག་གཅིག་ལ་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་པར་འཚམས་འདྲི་གནང་པའི་སྐོར།
2024-06-12
ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་ཡང་བསྐྱར་བགྲོ་གླེང་རྗེས་ཚད་མཐོའི་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་ནས་གཏན་འབེབས་བྱུང་འདུག
2024-06-11
བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ལ་སྲི་ཞུ་ལས་བྱེད་ཟུར་པ་རྣམས་ཀྱིས་ལས་དོན་ཉམས་མྱོང་དང་སྦྲགས་སྒྲིག་འཛུགས་ཡར་རྒྱས་གཏོང་ཕྱོགས་སོགས་དང་འབྲེལ་བའི་ལྷན་ཚོགས་གནང་འདུག
2024-06-11
ཁེ་ན་ཌའི་དབུས་གྲོས་ཚོགས་འོག་མའི་ནང་བོད་མི་ཚོར་རང་དབང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་དགོས་བའི་བོད་དོན་གྲོས་ཆོད་ལ་ཆབ་སྲིད་ཚོགས་པ་ཁག་ནས་སྤྱི་མོས་གཏན་འབེབས་བྱུང་འདུག