བརྙན་འཕྲིན་དང་རྩིས་འཁོར་ལས་སྲོག་རླུང་ནད་བསྐྱེད་པ།
མཚན་མོ་ཕྱི་བོར་བརྙན་འཕྲིན་དང་རྩིས་འཁོར་བལྟབའམ་ཡང་ན་མཚན་མོ་གཉིད་ཉལ་བའི་སྐབས་མདུན་དུ་སྤར་ནས་བཞག་ན་སྲོག་རླུང་གི་ནད་གཞི་ཕོག་སྲིད་པ་རེད་འདུག།
-
2012-07-24 -
-
-
དེ་ཡང་ཨ་མི་རི་ཀའི་Ohio མངའ་སྡེའི་སྨན་གྱི་གཙུག་ལག་སློབ་གྲྭའི་དབང་རྩ་སྡེ་ཚན་གྱིས་ཞིབ་འཇུག་བྱས་པའི་ནང༌། ཁོང་ཚོས་སེམས་ཅན་ཙི་ཙིའི་བཟོ་དབྱིབས་འདྲ་བ་ལ་ཙི་ཙི་ལས་གཟུགས་སྟོབས་ཆེ་ཙམ་ཡོད་པའི་སེམས་ཅན་ཞིག་ལ་ཞིབ་འཇུག་བྱས་ཏེ། དུས་རྒྱུན་མི་ཚོས་མཚན་མོ་གཉིད་ཉལ་བའི་སྐབས། ཁང་པ་ནག་ཁུང་ནང་དུ་བརྙན་འཕྲིན་སྤར་ཏེ་བཞག་པའི་གློག་འོད་ཀྱི་ཚད་གཞི་དང་གཅིག་མཚུངས་བྱས་པའི་གློག་འོད་ཆུང་ཆུང་ཞིག་སེམས་ཅན་དེའི་མདུན་དུ་སྤར་ཏེ་གཟའ་འཁོར་བཞིའི་རིང་ཚོད་ལྟའི་བྱས་པའི་རྗེས་། སེམས་ཅན་དེའི་སྤྱོད་པ་དང༌། ཀླད་པའི་གནས་སྟངས་ནི། སྲོག་རླུང་གི་ནད་རྟགས་ཡོད་པའི་མི་ཞིག་དང་གཅིག་མཚུངས་ཀྱི་རྟགས་མཚན་ཐོན་ཡོད་པ་ཤེས་རྟོག་བྱུང་ཡོད་པ་མ་ཟད། མི་ལོ་ལྔ་བཅུ་ཙམ་རིང་ལ་ཁྱིམ་ཚང་དུ་སྤར་བའི་གློད་འོད་མ་ཡིན་པར། བརྙན་འཕྲིན་གྱི་གློག་དང། Computer ལྟ་བུའི་བཅོས་མའི་གློག་དེ་རིགས་མཚན་གང་སྤར་ནས་བཞག་ན། བཅོས་མའི་གློག་འོད་དེ་ཡིས། མིའི་ནང་དུ་སྲོག་རླུང་ན་མཁན་མང་དུ་འགྲོ་བ་དང༌། དམིགས་བསལ་བེུད་ནང་མང་བ་ཡོད་ལ། དེ་ནི་སྐྱེས་པ་ལས་བེུད་ལྡབས་གཉིས་ཀྱི་མང་བ་ཡོང་གི་ཡོད་པའི་སྐོར་གསུང་བཞག ད་དུང་ཞིབ་འཇུག་པས། བརྙན་འཕྲིན་དང་Computer ཡི་གློག་འོད་དེ་ཡིས། བེུད་ལ་ནུ་མའི་འབྲས་ནད་དང༌། ལུས་ཤ་ཧ་ཅང་གི་རྒྱག་པ་ཆགས་པའི་ཉེན་ཁ་ཡང་ཆེ་བ་ཡོད་པ་ཡང་གསུང་ཤག