བརྙན་འཕྲིན་སྡེར་མ་ཕྱིར་བསྡུ་བྱས་པ།


2013.03.25
བརྙན་འཕྲིན་སྡེར་མ་ཕྱིར་བསྡུ་བྱས་པ། བོད་མདོ་སྨད་བླ་བྲང་དགོན་པའི་ནང་འདི་ལོའི་གསུམ་བཅུའི་དུས་དྲན་སྐབས་བརྙན་འཕྲིན་ལྟ་བྱེད་ཀྱིས་འཁོར་སྐར་སྡེར་མ་ཕྱིར་བསྡུ་བྱས་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཀུན་བཟང་བསྟན་འཛིན།

༄༅༎དེ་རིང་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༥ ཉིན་བོད་ནས་བོད་མི་ཞིག་གིས་འདྲ་པར་དང་བཅས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་བར་ལྟར་ན། བོད་ནང་རྒྱ་གཞུང་གི་དབྱེ་བའི་ཀན་སུ་ཞིང་ཆེན་ཀན་ལྷོ་ཁུལ་བླ་བྲང་བཀྲིས་འཁྱིལ་དགོན་པའི་ནང་གསུམ་བཅུའི་དུས་དྲན་སྐབས། རྒྱ་ནག་གཞུང་གི་བཀའ་རྒྱ་གཞིར་བཟུང་དགོན་པའི་གྲྭ་ཤག་སོ་སོའི་བརྙན་འཕྲིན་ལྟ་ཆས་འཁོར་སྐར་སྡེར་མ་བཙན་འཁྱེར་ཕྱིར་བསྡུ་བྱས་ཡོད་པ་རེད།
གོང་གི་བོད་མི་དེས་མུ་མཐུད་ནས་འགྲེལ་བརྗོད་གནང་དོན། རྒྱ་གཞུང་གིས་བཙན་འཁྱེར་ཕྱིར་བསྡུ་བྱེད་བཞིན་པའི་འཁོར་སྐར་སྡེར་མ་རྣམས་མེར་བསྲེགས་བཏང་ཡོད་པ་དང༌། དེའི་ཚབ་ལ་རྒྱ་གཞུང་གིས་སྡེར་མ་ཞིག་སྤྲོད་བཞིན་པ་དེས། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་སོགས་པའི་བོད་ཕྱི་ཕྱོགས་ཀྱི་གསར་འགྱུར་ལྟ་ཉན་བྱེད་ས་མེད་པ་མ་ཟད། འཁོར་སྐར་སྡེར་མའི་འཕྲུལ་ཆས་ཆུང་ངུ་དེ་རང་གི་ཁྱིམ་ནང་དུ་བཙུགས་རྗེས་པར་ལེན་པ་དང་སྒྲ་ལེན་པ། དཔེར་ན་བོད་རང་བཙན་དང་རྒྱལ་བ་རིན་པོ་ཆེ་ཟེར་བའི་སྐད་ཆ་སོགས་བཤད་ཚེ་ཁྲིམས་གཅོད་ཚོད་འཛིན་བྱ་ཆེད་རྒྱ་གཞུང་ལས་ཁུང་གིས་དེ་མ་ཐག་ཤེས་རྟོགས་ཐུབ་ཀྱི་ཡོད་པ་དང༌། ལྐོག་ཏུ་མི་འཛིན་བཟུང་དང་བཅར་རྡུང༌། འཇིགས་སྐུལ་སོགས་བྱས་དང་བྱེད་བཞིན་པ་རེད་འདུག།
བོད་ནང་གི་ས་གནས་ཀྱི་གནས་སྟངས་ངོ་མ་དེ་ནི་བརྙན་འཕྲིན་འཁོར་སྐར་སྡེར་མ་སོ་སོས་དངུལ་སྤྲད་ནས་ཉོས་པ་དེའི་བརྒྱུད་འཛམ་གླིང་གི་དོན་དངོས་ཀྱི་གསར་འགྱུར་ལ་ལྟས་ཚེ་ཁྲིམས་འགལ་རྩིས་ཀྱི་ཡོད་པ་མ་ཟད། རྒྱ་གཞུང་གིས་སྤྲད་པའི་འཁོར་སྐར་སྡེར་མའི་ནང་སྟོན་བཞིན་པའི་གཡོ་རྒྱུ་དང༌འཁྲབ་སྟོན་གྱི་རྣམ་པ་དེར་མ་བལྟ་ཡིན་ན་རྒྱ་གཞུང་གི་ཁྲིམས་དང་འགལ་བ་ཡིན་ལུགས་བརྗོད་བཞིན་འདུག་ལ། མདོར་ན་ང་ཚོས་གང་བྱེད་མིན་ཐམས་ཅད་ཀྱི་མཇུག་འབྲས་ནི་བཙོན་ཁང་ནང་འགྲོ་རྒྱུའི་ལམ་ཁག་མ་གཏོགས་ལྷག་མེད་པ་རེད་ཅེས་རྒྱ་གཞུང་གིས་རྡིག་ར་སྐུལ་བཞིན་ཡོད་པའི་སྐོར་བོད་མི་དེས་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎