རྒྱ་ནག་གིས་ཕྱིའི་བརྙན་འཕྲིན་ལས་རིམ་ལ་དམ་བསྒྲགས་བྱེད་རྒྱུ།


2016.06.21
རྒྱ་ནག་གིས་མདོ་ལྷོ་ཕྱོགས་སུ་སྤྲད་པའི་བརྙན་འཕྲིན་རྒྱང་འཛིན། རྒྱ་ནག་གིས་མདོ་ལྷོ་ཕྱོགས་སུ་སྤྲད་པའི་བརྙན་འཕྲིན་རྒྱང་འཛིན།
བོད་འབྱོར།

རྒྱ་ནག་གཞུང་གི་བརྙན་འཕྲིན་ལས་རིམ་ནང་ཕྱི་རྒྱལ་གྱི་བརྙན་འཕྲིན་ལས་རིམ་མམ་ཡང་ན་ཕྱི་རྒྱལ་གྱི་ཤུགས་རྐྱེན་ཆེ་བའི་བརྙན་འཕྲིན་གྱི་ལས་རིམ་དེ་ཚོ་རྒྱ་ནག་གཞུང་གི་བརྙན་འཕྲིན་ལས་རིམ་ནང་དུས་རྒྱུན་སྟོན་རྒྱུ་སྟངས་འཛིན་བྱེད་དགོས་པ་དང་། རྒྱ་ནག་རྒྱལ་ནང་གི་ཐོུང་མ་ཡིན་པའི་རིག་གཞུང་དང་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལྟ་སྤྱོད་གོང་འཕེལ་གཏོང་ཐབས་བྱ་དགོས་པའི་སྐོར་བཀོད་ཁྱབ་བཏང་ཡོད་པ་རེད།
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་མཆོག་གིས་ཀྱང་སྤྱི་ཚོགས་དྲ་རྒྱའི་ནང་རྒྱ་ནག་གཞུང་གི་མཐོ་རིམ་འགོ་ཁྲིད་ཀྱི་སྐོར་ལ་དཀྲོག་གཏམ་གྱི་གནས་ཚུལ་ཁྱབ་སྤེལ་བྱེད་མཁན་སོགས་ལ་ཉེས་ཆད་ནན་པོ་གཏོང་དགོས་པའི་སྐོར་གསུངས་ཡོད་པ་རེད།
དེ་བཞིན་རྒྱ་ནག་གི་བཅོས་མའི་རྒྱུ་སྐར་བརྒྱུད་པའི་བརྙན་འཕྲིན་གྱི་ལས་རིམ་དེ་ཚོ་ཕྱི་དྲོའི་ཚོུད་༧དང་ཕྱེད་ཀ་ནས་༡༠་དང་ཕྱེད་ཀའི་བར་ཚོུད་གཉིས་མ་གཏོགས་སྟོན་མི་ཆོག་པའི་སྐོར་བཤད་ཡོད་པ་རེད།
རྣམ་ཀུན་ནས་རྒྱ་ནག་གཞུང་འབྲེལ་གྱི་བརྙན་འཕྲིན་ལས་རིམ་ནང་ཕྱི་རྒྱལ་གྱི་བརྙན་འཕྲིན་གཞས་ཀྱི་འགྲན་བསྡུར་ལ་སོགས་པའི་ལས་རིམ་དེ་ཚོར། རྒྱ་ནག་གི་ཕྱོགས་ནས་བརྙན་འཕྲིན་ནང་གཏོང་རྒྱུར་ཆོག་མཆན་ཞུས་ཚར་ནས་མ་གཏོགས་སྟོན་མི་ཆོག་པའི་སྐོར་བརྗོད་ཡོད་པ་རེད།
གང་ལྟར་རྒྱ་ནག་གཞུང་གིས་བརྙན་འཕྲིན་ལས་རིམ་སོགས་ཀྱི་ཐོག་དམ་བསྒྲགས་བྱེད་མིན་ལ་མ་ལྟོས་བར་གནས་འཕྲིན་དྲ་རྒྱའི་ཐོག་ཕྱི་རྒྱལ་གྱི་གློག་བརྙན་ལ་སོགས་པའི་འོད་སྡེར་ནང་ཡོད་པའི་དྲ་འཕྲིན་མང་པོ་ཁྲིམས་འགལ་གྱིས་དྲ་ཐོག་ལ་མང་པོ་མཐོང་རྒྱུ་ཡོད་པ་རེད།

གསར་འགོད་པ་ཕྲ་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎