རྒྱ་ནག་ནང་ཕྱི་རྒྱལ་གསར་འགོད་པར་རང་དབང་སྤྲོད་དགོས།
རྒྱ་ནག་ནང་དུ་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་གསར་འགྱུར་མཁོ་སྒྲུབ་དང་གཏོང་སྤེལ་གྱི་ལས་དོན་ལ་རང་དབང་སྤྲོད་དགོས་པའི་འབོད་སྐུལ།
-
2011-04-01 -
-
-
༄༅༎དེ་རིང་རེས་གཟའ་པ་སངས་ཉིན་ཇར་མ་ནིའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་ནང་དུ་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་གསར་འགྱུར་མཁོ་སྒྲུབ་དང་གཏོང་སྤེལ་གྱི་ལས་དོན་ལ་རང་དབང་སྤྲོད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
དེ་ཡང་ཇར་མི་ནིའི་ཕྱི་སྲིད་བློན་ཆེན་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ཅེ་ཁྲི་གཉིས་མཇལ་འཛོམས་བཀའ་མོལ་གནང་བའི་མཇུག་ཏུ། ཕྱི་རྒྱལ་གསར་འགོད་པ་ཚོར་རྒྱ་ནག་ནང་དུ་གསར་འགྱུར་གཏོང་སྤེལ་གྱི་རང་དབང་སྤྲོད་དགོས་པའི་ནན་བརྗོད་གནང་བ་ཞིག་ཡིན་ཞིང༌། ཁོང་གིས་དེ་ལྟར་གསུང་དགོས་དོན་ནི། ཁ་སྔོན་དཀྱིལ་ཤར་ཡུལ་གྲུ་དང་ཨ་རབ་ཡུལ་གྲུའི་ནང་དུ་མི་དམངས་ཀྱིས་དམངས་གཙོའི་ལས་འགུལ་སྤེལ་བར་བརྟེན་ནས། ཕྱི་ཟླ་གཉིས་པའི་ནང་རྒྱ་ཡིག་དྲ་རྒྱའི་ཐོག་རྒྱ་ནག་ནང་གི་མི་དམངས་ཚོས་དཀྱིལ་ཤར་ཡུལ་གྲུ་དང་ཨ་རབ་ཡུལ་གྲུའི་མི་དམངས་ཀྱི་དམངས་གཙོའི་ལས་འགུལ་ལ་དཔེ་བླངས་ཏེ། རྒྱ་ནག་ནང་གི་གྲོང་ཁྱེར་ཁག་འགའ་ཤས་ནང་དུས་གཅིག་ལ་དམངས་གཙོའི་ལས་འགུལ་སྤེལ་དགོས་པའི་སྐུལ་སློང་གི་གནས་ཚུལ་བཀོད་སྤེལ་བྱས་པའི་རྗེས། རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་ཚོར་རྒྱ་ནག་ནང་གནས་ཚུལ་དེ་དང་འབྲེལ་བའི་སྐོར་གཏོང་སྤེལ་བྱེད་པར་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་པ་རེད། ཕྱི་རྒྱལ་གསར་འགོད་པས། ཁོང་ཚོར་རྒྱ་ནག་གི་གྲོང་ཁྱེར་ནང་དུ་མི་དམངས་ཀྱི་ལས་འགུལ་དང་འབྲེལ་བའི་གནས་ཚུལ་མཁོ་གྲུབ་བྱེད་པར་འབྲེལ་ཡོད་རྒྱ་ནག་གཞུང་ལ་ཆོག་མཆན་ཞུ་དགོས་པའི་སྲིད་ཇུས་བཟོས་ཡོད་པ་མ་ཟད། གསར་འགོད་པ་གཅིག་ལའང་ཆོག་མཆན་ཐོབ་པ་བྱུང་མེད་པའི་ཁར་ཁོང་ཚོར་སྲང་ལམ་ཐོག་མི་དམངས་ལ་འདྲི་བ་བྱེད་མི་ཆོག་པའི་དམ་བསྒྲགས་ནན་པོ་བྱས་ཡོད་པ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། ཇར་མ་ནི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་ལྷན་དུ་གསར་འགོད་པའི་འདུ་འཛོམས་ཐོག་ ཁོང་གིས་ད་རེས་རྒྱ་ནག་ནང་དུ་ཡོད་པའི་ཕྱི་རྒྱལ་གསར་འགོད་པར་ཚོར་གནས་ཚུལ་མཁོ་སྒྲུབ་བྱེད་པར་རང་དབང་སྤྲོད་དགོས་པ་མ་ཟད། ཁོང་ཚོར་དམ་བསྒྲགས་གང་ཡང་མེད་པའི་ཐོག་གསར་འགྱུར་གྱི་ལས་ཀ་བྱེད་དུ་བཅུག་དགོས་པའི་ནན་བརྗོད་བྱས་པ་ཡིན་ཞེས་གསུང་པ་དང༌། དེ་རྗེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ཅེ་ཁྲི་ཡིས། རྒྱ་ནག་ཕྱོགས་ནས་ཕྱི་རྒྱལ་གསར་འགོད་པ་རྒྱ་ནག་ནང་དུ་གསར་འགྱུར་གྱི་ལས་ཀ་བྱེད་རྒྱུར་དགའ་བསུ་ཡོད། ང་ཚོས་རྒྱ་ནག་གི་ཁྲིམས་ལུགས་གཞི་བཟུང་གིས། གསར་འགྱུར་གྱི་ལས་དོན་གཉེར་ཆོག་པའི་ཆ་རྐྱེན་སྐྲུན་རྒྱུ་ཡིན། ང་ཚོའི་རེ་བ་ནི། ཕྱི་རྒྱལ་གསར་འགོད་པ་ཚོས་རྒྱ་ནག་གི་ཁྲིམས་ལུགས་དང་སྒྲིག་སྲོལ་ཁག་དང་ལེན་ཞུ་དགོས་ཀྱི་རེད་ཅེས་བཤད་ཡོད་པ་རེད།