བོད་ནག་ཆུ་ཤག་རོང་པོ་དགོན་གྱི་གྲ་ཞིག་རང་ཤི་རྒྱབ་པ།

རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཞེས་པའི་སློབ་གསོའི་ལས་འགུལ་སྤེལ་བའི་རྐྱེན་གྱིས་དགེ་འདུན་པ་ཞིག་རང་ཤི་རྒྱག་དགོས་བཟོས་’འདུག

༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་ནག་ཆུ་རྫོང་གི་ཤག་རོང་པོ་གོན་པའི་ནང་རྒྱལ་གཅེས་ཆོས་གཅེས་ཞེས་པའི་སློབ་གསོའི་ལས་འགུལ་སྤེལ་བའི་རྐྱེན་གྱིས་དགེ་འདུན་པ་ཞིག་རང་ཤི་རྒྱག་དགོས་བཟོས་ཡོད་པ་རེད་

དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་གནས་ནང་གནས་ཚུལ་བཏོན་གསལ་ལ་གཞིགས་ན་བོད་ཀྱི་ནག་ཆུ་རྫོང་ཁོངས་ཀྱི་ཤག་རོང་པོ་གོན་པའི་ནང་རྒྱ་ནག་གཞུང་གིས་ད་ལོའི་ཕྱི་ཟླ་༤པའི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་བ་དང་རོང་པོ་དགོན་པའི་ཆོས་རྗེའི་ཡང་སྲིད་རྩད་གཅོད་ཐོག་ཕྱི་ཕྱོགས་ལ་འབྲེལ་བ་བྱས་པའི་དོགས་གཞིའི་འོག་དགོན་པའི་བླ་མ་ཟླ་བ་རིན་པོ་ཆེ་མཁྱེན་རབ་དབང་ཕྱུག་བསམ་གཏན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་དང་། དགོན་པའི་ལས་སྣེ་གྲ་དུང་ཕུག་དང་ངག་དབང་ཐོག་མེད།       མི་སྐྱ་བཀྲིས་དོན་གྲུབ་བཅས་ལྷ་སར་འཛིན་བཟུང་བྱས་རྗེས་རིམ་པས་གློད་ཀྲོལ་བཏང་ཡོད་ཀྱང་དགོན་པའི་གྲ་ངག་དབང་ཐོག་མེད་ཀྱི་ཤག་ཏུ་༸གོང་ས་མཆོག་གི་སྐུ་དཔར་ཉར་བའི་ཉེས་མིང་ཐོག་དུས་བཀག་བཙོན་བཅུག་ལོ་གཉིས་ཀྱི་ཁྲིམས་ཆད་བཏང་ཡོད་པ་རེད་         དགོན་པའི་ནང་རྒྱ་ནག་གཞུང་གིས་སློབ་གསོའི་ལས་འགུལ་ནང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དགག་པ་རྒྱག་པ་དང་།          རོང་པོ་གོན་པའི་བླ་མ་ཟླ་བ་རིན་པོ་ཆེ་ཏཱ་ལའི་བླ་མའི་རྗེས་འབྲངས་པ་ཡིན་པས་མཐའ་གཅིག་ཏུ་དགག་པ་རྒྱག་དགོས་པ་          དེ་བཞིན་དགོན་པའི་ངོས་ནས་བླ་མ་ཟླ་བ་དང་འབྲེལ་བ་བྱས་མི་ཆོག་པ་དང་རྗེས་སུ་ཡང་སྲིད་ཀྱང་ངོས་འཛིན་བྱས་མི་ཆོག་པའི་བརྫོད་ཚིག་འདྲ་མིན་བེད་སྤྱོད་བཏང་ནས་སློབ་གསོའི་ལས་འགུལ་ཤུགས་ཆེ་སྤེལ་སྟབས་དགོན་པའི་དགེ་བསྐོས་བཀྲིས་བསྟན་བཟང་ལགས་དང་གྲ་བྱམས་པ་ཟེར་བ་གཉིས་སེམས་ཁམས་མི་བདེ་བར་གྱུར་ཏེ་དགེ་བསྐོས་བཀྲིས་བསྟན་བཟང་ལགས་ལས་སྣེ་ཤོར་ཏེ་ཁྱིམ་དུ་སྡོད་དགོས་བྱུང་ཡོད་པ་རེད་

དེ་བཞིན་དགུང་གྲངས་༧༠ཙམ་ལ་སོན་པའི་དགོན་པའི་གྲ་དགེ་སློང་ངག་དབང་རྒྱ་མཚོ་ཞུ་བ་ཞིག་ལ་སློབ་གསོའི་ལས་འགུལ་ནང་༸གོང་ས་མཆོག་ལ་མཚན་སྨད་དང་དགོན་པའི་བླ་མ་ཟླ་བ་རིན་པོ་ཆེ་བཙོན་བཅུག་བྱུང་བའི་རྐྱེན་གྱིས་སེམས་སྡུག་གིས་མ་བཟོད་པར་ཕྱི་ཟླ་ ༧ པའི་ཚེས་༢༠ཉིན་ཡི་གེ་ཞིག་བཞག་སྟེ་རང་ཤི་བརྒྱབ་པའི་གནས་ཚུལ་བྱུང་ཡོད་པ་རེད་

དེར་ཡང་རྒྱ་གཞུང་གི་འབྲེལ་ཡོད་དཔོན་རིགས་ཚོས་དགེ་འདུན་པ་རྣམས་ལ་ཁོང་ན་ནས་འདས་གྲོང་གྱུར་བ་ཡིན་སྐོར་བཤད་དགོས་པའི་བཙན་ཤེད་དང་ཁོང་གི་ཡི་གེ་དེ་ཡང་བཙན་ཉར་བྱས་པ་སོགས་རོང་པོ་དགོན་པའི་ནང་མི་སྤྱོད་ལས་འདས་པའི་ཐབས་སྡུག་གི་གནས་ཚུལ་ཐོན་དང་ཐོན་བཞིན་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org