གསར་འགྱུར་ཡིག་ཚགས།
2023-10-19
བོད་ཕྲུག་མང་པོ་ཞིག་གི་ཀླད་པ་དཀྲུས་ཚར་ནས་རེ་བ་གང་ཡང་མེད་པ་དང་བོད་སྐད་ཡིག་གི་སློབ་གསོ་རྩ་ནས་ཐོབ་ཐུབ་ཀྱི་མེད་པ་འགྲེལ་བརྗོད་བྱས་བྱུང་།
2023-10-18
བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་ཀྱིས་ཐེ་ཝན་དུ་ཚོགས་པའི་ཨོ་སི་ལོ་རང་དབང་གླེང་སྟེགས་སྟེང་བོད་དོན་གཏམ་བཤད་གནང་འདུག
2023-10-18
བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱིས་རྒྱ་གར་གྱི་མཐོ་སློབ་ཁག་ནང་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་བཞིན་འདུག
2023-10-18
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནེན་སི་པེ་ལོ་སི་དང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དབུ་བཞུགས་ཐོག་ཨ་རིའི་གྲོས་ཚོགས་ནང་༢༠༠༧་ལོར་ཨ་རིའི་གྲོས་ཚོགས་ཀྱིས་༧གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་ནས་ལོ་ངོ་༡༦འཁོར་བའི་དུས་ཆེན་མཛད་སྒོ་སྲུང་བརྩི་གནང་འདུག
2023-10-18
རྒྱ་ནག་གི་སྒྲོམ་གཞི་ལ་སྐྱོན་ཆག་ཆེན་པོ་ཡོད་པས་ལས་འཆར་འདི་འབྲེལ་གྱི་ལྐོག་ཟ་རུལ་སོང་གང་སར་འཐོན་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
2023-10-17
རྒྱ་ནག་གཞུང་གིས་དེང་སྐབས་གཞི་རིམ་ས་ཁུལ་ཁག་ནང་དྲྭ་རྒྱའི་དོ་དམ་པ་ནས་སྐད་འཕྲིན་དོ་དམ་པ་ཚུན་ཆད་བཀོད་སྒྲིག་བྱས་ནས་རིམ་པ་བཞིན་དུ་སྟངས་འཛིན་བྱེད་ཀྱིན་ཡོད་འདུག
2023-10-17
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཕེབས་ནས་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་དང་མཇལ་མོལ་གནང་འདུག
2023-10-17
གཟེངས་རྟགས་དེ་ནི་གཙོ་བོ་བཙན་བྱོལ་བའི་མི་རབས་རྒན་པ་ཚོས་མ་འོངས་བོད་ཀྱི་སོན་རྩ་ཚོའི་ཤེས་ཡོན་ཆེད་དུ་སྐུ་ལས་བསྐྱོན་པའི་འབྲས་བུར་ངོས་འཛིན་གནང་གི་ཡོད་པ་གསུངས་བྱུང་།
2023-10-16
རྒྱ་ནག་གཞུང་གིས་དཀར་མཛེས་ཁུལ་ཁོངས་ཀྱི་གཞུང་གི་སློབ་གྲྭ་ཁག་ནང་བོད་ཀྱི་སྐད་ཡིག་སློབ་ཁྲིད་མེད་པ་བཟོ་བཞིན་པ་དང་བོད་ནང་གི་བོད་མི་ཞིག་གིས་བོད་ཀྱི་སྤྱི་ཚོགས་དང་སློབ་གསོ་ནི་གསོན་ཐབས་མེད་པའི་གནས་སུ་ལྷུང་བཞིན་པ་བརྗོད་བྱུང་།
2023-10-16
རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ད་རེས་རྒྱ་ནག་ནང་ཕེབས་སྐབས་རྒྱ་ནག་གིས་མི་ཆོས་དང་འགལ་བའི་ནག་ཉེས་བསག་བཞིན་པ་ཐེར་འདོན་བྱེད་དགོས་བ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འབོད་སྐུལ་བྱས་འདུག
2023-10-16
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་ནང་དེ་སྔ་མ་བཅར་སའི་ཨ་རིའི་མངའ་སྡེ་འདྲ་མིན་གྱི་བོད་པའི་ཚོགས་སྡེ་ཁག་ལ་གཟིགས་ཞིབ་གནང་བཞིན་འདུག
2023-10-16
རྒྱལ་ཁབ་གཞན་ལ་མིག་དཔེ་བཟང་པོ་དང་རིམ་པས་འཛམ་གླིང་ཡོངས་རྫོགས་རྡུལ་ཕྲན་མཚོན་ཆ་མེད་པའི་རེ་བ་དང་ཐབས་ཤེས་གནང་དགོས་པའི་བཀའ་སྩལ་ཡོད་པ།
2023-10-14
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གྲོས་ཚོགས་ལ་ཕུལ་བའི་སྙན་ཐོ་གསར་པ་ཞིག་གི་ནང་དུ། གྲོས་མོལ་བརྒྱུད་ནས་བོད་དང་རྒྱ་ནག་དབར་གྱི་དཀའ་ངལ་གསེལ་ཐབས་བྱེད་རྒྱུ་ནི་ས་ཁུལ་གྱི་རྒྱུན་རིང་གཏན་ལྷིང་ལ་འགན་སྲུང་ཐུབ་པའི་ཐབས་ལམ་དང་རེ་བ་ཆེ་ཤོས་དེ་ཡིན་པས། དེ་ལྟར་རྒྱུན་མཐུད་ཀྱི་གྲོས་མཐུན་འཇོག་ཐུབ་རྒྱུར་རྒྱ་ནག་གཞུང་གིས་མཐུན་རྐྱེན་བསྐྲུན་དགོས་ཅེས་ཨ་རིའི་གཞུང་གི་སྙན་ཐོའི་ནང་འབོད་སྐུལ་གནང་འདུག
2023-10-14
སྤྱི་ཟླ་ ༡༠ པའི་ཚེས་༡༧ ནས་༡༨ བར་འཚོག་རྒྱུའི་རྒྱུད་གཅིག་ལམ་གཅིག་ལྷན་ཚོགས་ཐོག་རྒྱལ་ཁབ་ ༡༣༠ ཙམ་གྱིས་སྐུ་ཚབ་གདན་ཞུ་གནང་ཡོད་པ་དང་དེའི་ནང་མང་པོ་ཞིག་གིས་དོ་སྣང་བྱེད་ཡུལ་སྐུ་མགྲོན་གལ་ཆེ་གཅིག་དེ་ཪ་ཤེ་ཡ་སྲིད་འཛིན་པུ་ཏྲེན་ཡིན་པ་རེད།
2023-10-14
རྒྱལ་སྤྱིའི་སྲིད་དོན་པ་ཚོའི་ནང་ཁོང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་དགོས་པའི་བསམ་འཆར་འདོན་མཁན་ཀྱང་ཡོང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།