གསར་འགྱུར་ཡིག་ཚགས།
2012-12-20
རྒྱ་གཞུང་གིས་རྒྱུན་གྲོན་བཏང་བའི་ཀོས་ཊ་ར་ཀའི་ནང་གི་ཞི་བའི་ལས་འགུལ་ཞིག་གི་ཐོག་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་ཀྱིས་མཉམ་ཞུགས་གནང་ནས་བོད་དོན་ཐོག་དྲིལ་བསྒྲགས་རྒྱ་ཆེ་གནང་ཡོད་པ་རེད།
2012-12-20
རྒྱལ་ཁབ་བཅུ་དགུ་ཙམ་གྱི་རྩོམ་བྲིས་པ་དང་གསར་འགོད་པ་མི་གྲངས་༤༡ཙམ་ལ་Hellman-Hammentt Grant ཞེས་པའི་བྱ་དགའ་ཐོབ་ཡོད་པའི་ཁོངས་བོད་མི་བཞི་ཡོད་པ་རེད་འདུག
2012-12-20
དབྱིན་ཇིའི་གཞུང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་སྐྱོན་བརྗོད་གནང་བ་དེ་ཁུངས་མེད་ཀྱི་སྐྱོན་བརྗོད་ཞིག་ཡིན་པས་མ་ཟད། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་རེད་ཅེས་བརྗོད་འདུག
2012-12-20
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གི་དཀའ་ངལ་སེལ་ཐབས་སུ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དེར་གདོང་ལེན་བྱེད་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན་ལུགས་བཀའ་གནང་ཡོད་འདུག
2012-12-19
ལྷོ་ཁོ་རི་ཡའི་གཞུང་འཛིན་རྒྱལ་ཁབ་གསར་བ་ཚོགས་པའི་སྲིད་འཛིན་འོས་མི་ཕཱ་ཀུན་ཧས་སྲིད་འཛིན་འོས་འདེམས་ཁྲོད་རྒྱལ་ཁ་ཐོབ་ནས་ལྷོ་ཁོ་རི་ཡའི་ལོ་རྒྱུས་སྟེང་གི་བུད་མེད་སྲིད་འཛིན་ཐོག་མ་རུ་གྱུར།
2012-12-19
རྒྱ་ནག་གིས་བོད་ནང་གི་བོད་མི་ཆབ་སྲིད་བཙོན་པ་ཚོར་ལྟོགས་སྐོམ་གྱི་དཀའ་ངལ་སྤྲོད་པ་དང་། རྨ་ཤུལ་མེད་པའི་གཅར་རྡུང་དྲག་པོ་བྱེད་བཞིན་པ་བཙོན་གྲོལ་ཐོབ་པའི་བོད་མི་ཞིག་གིས་བརྗོད་འདུག
2012-12-19
བོད་རང་བཙན་སློབ་ཕྲུག་ཚོཊ་པས་འཛམ་གླིང་གི་ཡུལ་གྲུ་གང་སར་གདུང་སེམས་མཉམ་བསྐྱེད་དང་། ས་གནས་དབུ་ཁྲིད་ལ་བོད་དོན་རོཊ་རམ་དགོས་པའི་རེ་སྐུལ་འབོད་སྒྲ་བསྒྲཊ་བ་སོགས་ཀྱི་ལས་འགུལ་སྤེལ་འདུག
2012-12-19
དབྱིན་ཇིའི་གཞུང་གིས་བོད་དོན་ལ་ཐུགས་འཚབ་ཆེན་པོས་བོད་མི་མང་གི་དཀའ་སྡུག་སེལ་ཐབས་སུ་རྒྱ་ནག་གཞུང་གིས་དོན་ཕན་ལྡན་པའི་བོད་རྒྱ་གྲོས་མོལ་བསྐྱར་གསོ་དགོས་པའི་སྐུལ་མ་གནང་འདུག
2012-12-19
དེང་སང་རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་ལམ་ལུགས་ཐོག་ཁྲིམས་དོན་ཁྱབ་ཁོངས་ཀྱི་དཔོིན་རིཊ་དང་མཁས་པ་སོཊ་ཀྱིས་དོ་སྣང་དང་རྩོད་གླེང་ཤུཊ་ཆེར་ཡོང་གི་ཡོད་པ་རེད་འདུག
2012-12-18
རྒྱ་ནག་གིས་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་འབོ་ར་དགོན་པའི་དགེ་འདུན་ལྔ་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་ནང་མི་ཉེ་འབྲེལ་ཚོས་གར་ཡོད་ཤེས་རྟོགས་གང་ཡང་མེད་པ་ལུས་འདུག
2012-12-18
རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་གཞོན་ནུ་དང་། བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག་མི་མང་རེས་མོས་ཀྱི་དུས་ཚོད་ངེས་མེད་བར་ཟས་བཅད་ངོ་རྒོལ་གནང་བཞིན་པ་ཉིན་གྲངས་༢༦ ཕྱིན་འདུག
2012-12-18
རྨ་ལྷོ་ཁུལ་སྤྱི་བདེ་ཉེན་རྟོག་ཚན་པས་བརྡ་ཁྱབ་སྤེལ་ཏེ་རང་ལུས་མེར་བསྲེཊ་གཏོང་མཁན་གྱི་མཚང་བརྟོལ་དང་ཉེས་འདོན་སོགས་འབྲེལ་ཡོད་གནས་ཚུལ་བཤད་མཁན་ལ་དཔའ་འབྱོར་གྱི་བྱ་དགའ་སྤྲོད་རྒྱུ་བཤད་འདུག
2012-12-17
ཉི་ཧོང་གི་རང་དབང་མང་གཙོ་ཚོགས་པའི་དབུ་ཁྲིད་Shinzo Abe མཆོག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ལྷན་ཁང་ནས་མཚམས་འདྲི་གནང་འདུག
2012-12-17
ལྷ་སའི་ཉེ་འགྲམ་དུ་ཡོད་པའི་རྒྱ་མིའི་ཆུ་ཤུལ་བཙོན་ཁང་ནང་བོད་མི་ ༢༠༠ལྷག་ཙམ་ཆབ་སྲིད་ཀྱི་ནག་ཉེས་ཉེས་འཛུགས་ཐོག་བཙོན་འཇུག་བྱས་ཡོད་པའི་སྐོར་དངོས་མཐོང་གནས་ཚུལ་འགྲེལ་བརྗོད་གནང་འདུག
2012-12-17
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༡༥ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ནང་པའི་ཆོས་ལུཌ་ཀྱི་བགྲོ་གླེང་ལྷན་ཚོཌ་ཞིག་གི་ཚོཌ་དགོན་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་གནང་འདུག