གསར་འགྱུར་ཡིག་ཚགས།
2023-07-21
འཇར་མན་གཞུང་གིས་རྒྱ་ནག་ལ་བརྟེན་རྒྱུ་ཉུང་འཕྲིའི་འཐབ་ཇུས་ཡིག་ཆ་ཐོག་མ་བཏོན་པའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བཀོད་ཡོད་པ་མ་ཟད་བོད་ནང་གི་གནས་སྟངས་ལ་ལྟ་ཞིབ་ནན་མོ་བྱེད་ཀྱི་ཡོད་པ་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
2023-07-21
རྒྱ་ནག་གི་དྲྭ་རྒྱའི་གསང་ཉུལ་བས་རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོའི་གློག་འཕྲིན་ནང་སིམ་འཛུལ་བྱས་ནས་ཨ་རིའི་གཞུང་གི་མི་གྲངས་ཁྲི་ཕྲག་མང་པོའི་གློག་འཕྲིན་ཁ་བྱང་སོགས་རྐུ་འཁྱེར་བྱས་ཡོད་འདུག
2023-07-21
ལྷོ་གཞིས་སྤྱི་ཁྱབ་དང་གཞིས་ཆགས་ཀྱི་གཞུང་ལམ་ཡར་རྒྱས་ཚོགས་མི་རྣམས་མངའ་སྡེའི་འགྲུལ་ལམ་ཡར་རྒྱས་ལས་དོན་ལྷན་ཁང་གི་བློན་ཆེན་མཇལ་འཕྲད་གནང་ནས་ས་གནས་ཀྱི་བདེ་སྡུག་ཞུས་འདུག
2023-07-21
༸གོང་ས་མཆོག་གིས་ལ་དྭགས་ནང་ཆོགས་ལུགས་གཞན་ལ་དད་མོས་བྱེད་མཁན་ཡོད་སྟབས། ཆོས་ལུགས་ཕན་ཚུན་བར་འབྲེལ་འདྲིས་དང་། ལེགས་པའི་ཆ་ཕན་ཚུན་བརྗེ་རེས་དང་ལ་དྭགས་ས་གནས་སུ་ཆོས་ལུགས་མཐུན་སྒྲིལ་དགོས་པ་གལ་ཆེན་པོ་ཡིན་པ་གསུངས་སོང་།
2023-07-20
བོད་མི་གཞོན་སྐྱེས་སྐར་མ་དོན་གྲུབ་ལགས་སུ་ཨ་རིའི་ཕྱི་སྲིད་ལྷན་ཁང་ཁོངས་སུ་ཕྱིའི་རྒྱལ་ཁབ་ཁག་ཏུ་ཞབས་འདེགས་ཞུ་བཞིན་པའི་ལས་བྱེད་པའི་ཕྲུ་གུའི་སློབ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་འདུག
2023-07-20
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བསྐྱར་ཞིབ་ཀྱི་ཚོགས་འདུ་འཚོགས་ལ་ཉེ་བ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཀྱིས་བོད་ནང་གི་གནས་སྟངས་ཐད་སྙན་ཐོ་བཏོན་འདུག
2023-07-20
རྒྱ་ནག་གཞུང་གིས་འཕགས་བོད་ས་མཚམས་ཀྱི་ཐག་ཉེ་ཡར་ཀླུང་གཙང་པོའི་རྒྱུད་དུ་ཆུ་མཛོད་རྒྱག་བཞིན་པར་རྒྱ་གར་ལ་མ་འོངས་དཀའ་ངལ་འཕྲད་སྲིད་པའི་གནས་ཚུལ་སྤེལ་འདུག
2023-07-20
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་གྱི་ཚོགས་བཅར་བ་ན་གཞོན་༡༠༠ཡིས་བོད་ཀྱི་བདེན་མཐའ་མ་སེལ་བར་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ་ཡིན་པ་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་སོང་།
2023-07-19
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཡུལ་མི་ཚོར་མཇལ་ཁ་སྩལ་བཞིན་པ་དང་སེམས་ཁམས་འཕྲོད་བསྟེན་ཆེད་སེམས་ཁམས་རིག་པའི་སྐོར་ལ་སློབ་སྦྱོང་གནང་གལ་ཆེ་བ་བཀའ་བསྩལ་འདུག
2023-07-19
བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཀྲུའི་ནང་(Dusit Princess)་ཞེས་རྒྱལ་སྤྱིའི་ཚད་གཞི་དང་མཉམ་པའི་གསོལ་མགྲོན་ཁང་དང་སྤྲོ་སྐྱིད་ཁང་གསར་པ་ཞིག་དབུ་འབྱེད་གནང་འདུག
2023-07-19
མདོ་སྨད་མང་རྫོང་གི་མགོ་མང་ས་ཁུལ་དུ་ས་གནས་གཞུང་གི་ཆོག་མཆན་ཡོད་བཞིན་དུ་གློ་བུར་དུ་དུས་འཁོར་དབང་ཆེན་ཚོགས་རྒྱུ་བཀག་པ་མ་ཟད་བཞེངས་སྒྲུབ་ཟིན་པའི་རྡུལ་མཚོན་གྱི་དཀྱིལ་འཁོར་སྟེང་ལ་ཆུ་བླུགས་ནས་གཏོར་ཡོད་འདུག
2023-07-19
རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག་དང་བསྟུན་བོད་རིགས་གཞོན་སྐྱེས་ཚོས་ལས་འགུལ་གྱི་ནུས་པ་གོང་མཐོར་གཏོང་དགོས་རྒྱུ་གལ་ཆེ་བ་༧གོང་ས་མཆོག་གི་དམིགས་བསལ་༧སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུངས་བྱུང་།
2023-07-19
ངོས་ནས་འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་ལ་མཆོད་སེམས་བརྟན་པོ་བཟུང་ནས། འགྲོ་བ་མིའི་བདེ་སྡུག་དང་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་ལ་འབད་མུས་ཡིན་ཞེས་བཀའ་སྩལ་བ།
2023-07-18
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ལྐོག་ཟ་རུལ་སུངས་འགོག་རྒོལ་བ་ཨ་ཉ་སེང་སྒྲ་ལགས་ཀྱི་གྱོད་དོན་ཁོང་གི་ཁྲིམས་རྩོད་པས་ཞི་ཡན་མཐོ་རིམ་ཁྲིམས་ཁང་ལ་གོང་གཏུག་བྱེད་ཐབས་བྱས་ཀྱང་ངོས་ལེན་གནང་མི་འདུག
2023-07-18
འདི་ལོའི་འགོ་སྟོད་ཀྱི་ཟླ་གསུམ་ནང་རྒྱ་ནག་ཀྲེ་ཅང་ཞིང་ཆེན་ནང་གི་ཕུང་པོ་སྲེག་ཡུལ་ཁག་ནང་ཕུང་པོ་བསྲེགས་པའི་གྲངས་འབོར་༡༧༡༠༠༠བྱུང་བ་བརྒྱ་ཆ་བདུན་ཅུ་ཇེ་མང་དུ་སོང་འདུག