གསར་འགྱུར་ཡིག་ཚགས།
2024-12-30
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་གསར་པར་འཚམས་འདྲི་གནང་འདུག
2024-12-29
རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་གྲ་སྒྲིག་ཚ་ཚ་འུར་འུར་གྱིས་གནང་བཞིན་འདུག
2024-12-28
ཁེ་ཎ་ཌ་བོད་རིགས་སྤྱི་མཐུན་ཚོགས་པས་ཁེ་ཎ་ཌའི་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་ཚོགས་པར་རྒྱ་ནག་གིས་ཉེས་ཆད་བཀལ་བར་ཁེ་ན་ཌ་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པས་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་འདུག
2024-12-28
རྒྱ་གར་གྱི་དྭང་སློབ་དམག་སྒར་ནང་ཆབ་སྲིད་འགོ་ཁྲིད་ (Political Leader) དང་དམག་དཔོན་གནང་མྱོང་བ་རྒྱ་གར་གྱི་དམག་གི་དཔའ་བོའི་གཟེངས་རྟགས་རིམ་པ་གསུམ་པ་ཤོརྱ་ཅཀ་ར་ (Shaurya Chakra) བཞེས་མྱོང་མཁན་ཟླ་བ་ཤོརྱ་ཅཀ་ར་ལགས་ཀྱིས་རང་གི་མི་ཚེའི་ལོ་རྒྱུས་མཐོང་ཐོས་མྱོང་གསུམ་ཞེས་ཕྱག་དེབ་བྲིས་པ་དེ་དབུ་འབྱེད་གནང་པ།
2024-12-27
བོད་ཁམས་དཀར་མཛེས་ཁུལ་གསེར་རྟ་བླ་རུང་སྒར་ནང་བསྟན་སློབ་གཉེར་ཁང་ནི་འཛམ་གླིང་ནང་གི་བོད་བརྒྱུད་ནང་བསྟན་སློབ་གཉེར་ཁང་ཆེ་ཤོས་སུ་ངོས་འཛིན་བྱེད་བཞིན་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནས་གནས་ཚུལ་འབྱོར་བ་ལུང་འདྲེན་བྱས་དོན་ལྟར་ན། གསེར་རྟ་བླ་རུང་སྒར་དུ་དཀར་མཛེས་ཁུལ་བྲག་མགོ་རྫོང་སོགས་ནས་དམག་མི་ ༤༠༠ ཙམ་འགྲེམས་འཇོག་བྱས་པ་མ་ཟད། ཐད་འཕུར་གནམ་གྲུ་བརྒྱུད་གྲྭ་བཙུན་རྣམ་པའི་འགུལ་བསྐྱོད་ལ་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པ་བརྗོད་འདུག
2024-12-27
རྒྱ་ནག་རྒྱལ་ཡོངས་མི་མང་སྲིད་གྲོས་ཀྱི་འགོ་གཙོ་ཝང་ཧུ་ནིང་བོད་ནང་དུ་ཡོང་སྟེ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཁག་གི་ཡང་སྲིད་ངོས་འཛིན་གྱི་འགྲེམས་སྟོན་ལ་ལྟ་སྐོར་དང་བོད་ནང་ཡུན་རིང་བརྟན་བརླིང་ཡོང་བ་བྱ་དགོས་སྐོར་སོགས་བརྗོད་ཡོད་འདུག
2024-12-27
ས་མཚམས་ཞི་འགྲིག་གི་གྲོས་མཐུན་ལ་རྩིས་མེད་ཀྱིས་རྒྱ་ནག་གིས་མུ་མཐུད་འཕགས་བོད་ས་མཚམས་སུ་འཛུགས་སྐྲུན་བྱེད་བཞིན་པ་སྲུང་སྐར་དཔར་རིས་བརྒྱུད་གསལ་སྟོན་བྱས་འདུག
2024-12-27
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨིསི་ཊོ་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་རོའི་སིཊཡེ་ཌར་ལགས་གཙོས་པའི་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་ཁ་སྩལ་ཡོད་པ།
2024-12-27
རྒྱ་གར་སྲིད་བློན་ཟུར་པ་མཱན་མོ་ཧན་སིངྒ་མཆོག་དགོངས་པ་རྫོགས་པར། ཁོང་གི་ཤུལ་ལུས་སྐུ་ཟླ་དང་ནང་མིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་སྩལ་ཡོད་པ།
2024-12-26
ཉི་འོང་གཞུང་གིས་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཁྱམ་པ་ཚོ་ཉི་འོང་དུ་ཡོང་རྒྱུའི་ཐོངས་མཆན་(Visa) ཞུ་རྒྱུའི་ཆ་རྐྱེན་ཅུང་གུ་ཡངས་གཏོང་རྒྱུ་ཡིན་པ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ (Wang Yi) དང་མཉམ་གྲོས་མཐུན་བྱུང་འདུག
2024-12-26
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་བའི་ལས་འགུལ་འོག་ཡུལ་དེའི་དམག་སྤྱི་གཉིས་ཕྱིར་ཕུད་བཏང་འདུག
2024-12-26
རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་བོར་འཛམ་གླིང་གི་ཆེས་ཆེ་བའི་ཆུ་རག་འཛུགས་འཆར་དེས་བོད་ནང་ཡུལ་མི་གནས་སྤོ་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་ཁོར་ཡུག་གནོད་སྐྱོན་གྱི་ཤུགས་རྐྱེན་འབྱུང་རྒྱུ་ཡིན་པ། ཉམས་ཞིབ་པས་བརྗོད་བྱུང་།
2024-12-26
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བོད་དོན་དྲིལ་བསྒྲགས་ཀྱི་སྦག་སྦག་སྐོར་བསྐྱོད་པ་རྣམས་ནས་ཨན་དྲ་པྲ་དེཤ་མངའ་སྡེའི་ནང་།མེས་པོ་དམ་གྷན་དྷི་རྗེས་འབྲངས་པ་དང་གནད་ཡོད་མི་སྣ། དེ་བཞིན་རྒྱ་གར་གསར་འགོད་བཅས་ལ་བོད་དོན་སྤྱི་དང་བོད་ཀྱི་གཞོན་ནུའི་ལས་འགུལ་སྐོར་ངོ་སྤྲོད་གནང་ཡོད་འདུག
2024-12-26
བོད་ཀྱི་འགྲེམས་སྟོན་ཁང་གི་རྒྱ་གར་ལྷོ་ཕྱོགས་སུ་བོད་དོན་དྲིལ་བསྒྲགས་ཀྱི་སྐོར་སྐྱོད་འགྲེམས་སྟོན་ཁྲོད་མི་གྲངས་ ༧༠༠༠ ལྷག་གིས་མཉམ་ཞུགས་གནང་འདུག
2024-12-25
ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་གསར་པ་རྣམ་གཉིས་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་མཚམས་འདྲི་གནང་འདུག