གསར་འགྱུར་ཡིག་ཚགས།
2023-05-19
སྐབས་རེར་སེམས་བསྐྱེད་སོགས་གནང་སྐབས་ཇོ་བོ་བཞད་མོ་བཞད་མྱོང་ཡོད་པ་སོགས། ༧གོང་ས་མཆོག་གིས་ཉི་ཧོང་དུ་གསུང་ཆོས་ཤིག་གི་སྐབས་བཀའ་གནང་ཡོད་པ་རེད།
2023-05-18
བོད་ཀྱི་མལ་གྲོ་གུང་དཀར་དུ་རྒྱ་ནག་གིས་ཟངས་གཏེར་བསྔོག་འདོན་སྐབས་སུ། ལས་མི་དྲུག་བོར་བརླག་ཏུ་ཕྱིན་ཡོད་ནའང་ལས་མི་དེ་དག་བོད་མི་ཡིན་མིན་གྱི་གསལ་ཁ་བཟོས་མེད་པའི་གནས་ཚུལ།
2023-05-18
ཁེ་ན་ཌའི་གྲོས་ཚོགས་འོག་མའི་འཐུས་མི Alexis Brunelle Duceppe མཆོག་གིས་གྲོས་ཚོགས་ནང་པཎ་ཆེན་རིན་པོ་ཆེ་གློད་གྲོལ་དགོས་པའི་གསུང་བཤད་གནང་འདུག
2023-05-18
བོད་ནང་འགྲོ་སྐྱོད་ཀྱི་ཆ་རྐྱེན་ཁག་ནང་འདི་ལོ་ནས་བལ་ཡུལ་བརྒྱུད་བོད་ནང་ཡོང་བར་མ་མཐའ་ཡང་མི་སྣ་༤ལས་གྲུབ་པའི་ཚོགས་ཆུང་ལ་ཡུལ་སྐོར་མཐོང་མཆན་སྤྲོད་ཀྱི་ཡོད་པ་དང་། མཐོང་མཆན་ཞུ་བར་བལ་ཡུལ་ནང་ངེས་པར་དུ་དོ་བདག་སོ་སོ་བདུན་ཕྲག་གཅིག་གི་སྔོན་ནས་འབྱོར་དགོས་པ་།
2023-05-17
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འདས་བའི་བདུན་ཕྲག་གཅིག་ལྷག་རིང་ཧི་མ་ཅཱལ་མངའ་སྡེའི་ནང་གི་བོད་མི་གནས་ཡུལ་ཚང་མར་གཟིགས་སྐོར་ལེགས་པར་འགྲུབ་འདུག
2023-05-17
དགེ་བཤེས་མ་ཚོས་ནང་པའི་གཞུང་ལུགས་ལ་སློབ་གཉེར་རྒྱ་ཆེར་གནང་སྟེ་སྤྱི་ཚོགས་ནང་ཕན་ཐོགས་སྒྲུབ་དགོས་པ་༧གོང་ས་མཆོག་གིས་བཙུན་དགོན་གསུམ་གྱི་དགེ་བཤེས་མ་ཚོར་མཇལ་ཁ་བསྩལ་སྐབས་བཀའ་བསྩལ་འདུག
2023-05-17
རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེ་བཙན་ཁྲིད་བྱས་ནས་མི་ལོ་ཉེར་བརྒྱད་ཕྱིན་པའི་ཉིན་མོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་པཎ་ཆེན་རིན་པོ་ཆེ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་བ་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་འདུག
2023-05-17
དེ་སྔ་སྤྱི་ལོ་༢༠༡༠ལོ་དང་༡༡ལོར་༧གོང་ས་མཆོག་དངོས་སུ་རྩེད་ཐང་དུ་ཆིབས་བསྒྱུར་གྱིས་རྩེད་འགྲན་པ་ཚོར་མཇལ་ཁ་བྱིན་རླབས་སྩལ་སྐབས་ཀྱང་། གློག་བརྙན་འཁྲབ་སྟོན་མ་གྲགས་པིར་ཏི་ཛིན་ཏ་ལགས་ནས་མཇལ་ཁ་བཀའ་སློབ་སོགས་ཞུས་མྱོང་ཡོད་པ་རེད།
2023-05-16
རང་གི་སེམས་ཞི་བདེ་བག་ཕེབས་ངང་གནས་པར་གཞན་ཕན་གྱི་བློ་ནི་ཧ་ཅང་གལ་ཆེ་བ་༧གོང་ས་མཆོག་གིས་རྒྱ་གར་ནང་རྩེད་འགྲན་ཆེད་ཕེབས་པའི་རྒྱལ་སྤྱིའི་དབྱུག་རྩེད་སྤོ་ལོ་རྩེད་འགྲན་པ་ཁག་ཅིག་ལ་མཇལ་ཁའི་སྐབས་བཀའ་བསྩལ་འདུག
2023-05-16
བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཀྱིས་ཁེ་ཎ་ཌའི་ནང་བོད་དོན་ཞི་བའི་གོམ་བགྲོད་གནང་བཞིན་ཨོ་ཊ་ཝར་འབྱོར་ཡོད་པ་དང་མུ་མཐུད་དུ་བོད་དོན་རྐང་འཁོར་སྐོར་བསྐྱོད་གནང་བཞིན་པ་རེད།
2023-05-16
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ནང་གི་ཆོས་དད་རང་དབང་ཐད་སྙན་ཐོ་བཏོན་ནས་བོད་ནང་སྔར་ལྷག་དམ་དྲག་བྱེད་བཞིན་པ་དང་དམིགས་བསལ་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཚོར་དམ་དྲག་བྱེད་བཞིན་པ་ཐེར་འདོན་གནང་འདུག
2023-05-16
བོད་རང་སྐྱོང་ལྗོངས་མི་མང་ཁྲིམས་ཁང་མདུན་དུ་བསྐྱར་དུ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཚེ་བཙོན་ཁྲིམས་ཆད་ལ་དྲང་བདེན་གྱི་ཐག་གཅོད་དགོས་པའི་ངོ་རྒོལ་བྱས་པར། རྒྱ་ནག་གཞུང་འབྲེལ་ལྷ་ས་སྤྱི་བདེ་ཉེན་རྟོག་པས་མགོན་པོ་སྐྱིད་ལགས་བཙན་ཐབས་ཀྱིས་ཉེན་རྟོག་རླངས་འཁོར་ནང་བཅུག་སྟེ་ཁྲིད་ཡོད་པ།
2023-05-15
བྱང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨ་མི་རི་ཀའི་མི་ནི་སོ་ཌ་རུ་གཞུང་འབྲེལ་འཚམས་གཟིགས་གནང་ནས་ཁུལ་དེར་བོད་གྲོང་འཛུགས་སྐྲུན་གྱི་ལས་གཞིར་གཟིགས་ཞིབ་གནང་འདུག
2023-05-15
རྒྱ་གར་ནང་བོད་མི་མང་པོ་གནས་ཡུལ་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་ནང་ཕྱོགས་འགལ་ཀོང་རེ་སི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་འདུག
2023-05-15
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་མུ་མཐུད་དུ་མཚོ་པདྨ་དང་བཀྲ་ཤིས་ལྗོངས་ཁུལ་དུ་གཟིགས་ཞིབ་གནང་བཞིན་འདུག