གསར་འགྱུར་ཡིག་ཚགས།
2023-04-19
བོད་མིའི་རང་དབང་དང་བདེན་མཐའ་སེལ་ཆེད་མུ་མཐུད་དུ་བོད་དོན་རྒྱབ་སྐྱོར་གྱི་ཕྱག་ལས་གནང་གི་ཡིན་ཞེས་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གིས་རྡ་རམ་ས་ལ་ནས་གསར་འགོད་གསལ་བསྒྲགས་སྤེལ་སོང་།
2023-04-19
རྒྱ་ནག་གཞུང་གིས་ཐོབ་ཐང་དོན་གཉེར་བའི་ཁྲིམས་རྩོད་པ་ཞིག་དང་ཁོང་གི་བཟའ་ཟླ་ལས་འགུལ་བ་གཉིས་འཛིན་བཟུང་བྱས་བར་ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱིས་བློ་འཚབ་དང་བཅས་དོ་སྣང་ཤུགས་ཆེན་གནང་བཞིན་ཡོད་པ་བརྗོད་འདུག
2023-04-19
གོ་ལའི་ནང་པའི་ལྷན་ཚོགས་སུ་དབུ་བཞུགས་ཆེད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྡི་ལིར་ཞབས་སོར་བདེ་བར་འཁོད་པ་དང་མི་གྲངས་སྟོང་ཕྲག་ཁ་ཤས་ཀྱིས་ཕེབས་བསུ་ཞུས་སོང་།
2023-04-18
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྡི་ལིར་བསྐོངས་ཚོགས་གནང་རྒྱུའི་གོ་ལའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཕེབས་གཏན་འཁེལ་འདུག
2023-04-18
འཛམ་གླིང་གི་དཔལ་འབྱོར་ཡར་ཐོན་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་འབྲེལ་བློན་ཆེན་རྣམས་ཀྱི་ལྷན་ཚོགས་རྗེས་འབྲེལ་གྱི་གསལ་བསྒྲགས་ནང་བོད་དོན་གླེང་འདུག
2023-04-18
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཁྲིམས་འགལ་ངང་རྒྱ་ནག་གི་གསང་བའི་ཉེན་རྟོག་ལས་ཁུངས་བཙུགས་མཁན་རྒྱ་མི་གཉིས་འཛིན་བཟུང་བྱས་འདུག
2023-04-18
བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་ཁོར་ཡུག་བཅས་ལ་སྲུང་སྐྱོབ་ཡོང་ཐབས་ཀྱི་རོགས་སྐྱོར་གནང་རོགས་ཞེས་༧གོང་ས་མཆོག་གིས་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་ཁ་བསྩལ་ཏེ་རེ་སྐུལ་གནང་ཡོད་འདུག
2023-04-18
བོད་པ་མང་དག་ཅིག་གིས་གློ་བུར་དྲ་ལམ་ཁག་ཏུ་རིན་པོ་ཆེ་མཆོག་གི་པར་རིས་མཐོང་བས་དགའ་ཚོར་བྱུང་གི་ཡོད་པ་དང་། འོན་ཀྱང་ན་གཞོན་ཚོའི་ཁྲོད་དུ་གནས་ཚུལ་ལོག་འགྲེལ་རེད་ཅེས་ཁོང་ཁྲོ་དང་ཚོར་ཤུགས་ཆེན་པོ་བྱུང་གི་ཡོད་པ།བོད་ནང་གི་བོད་མི་ཁག་ཅིག་ནས་འདི་ག་ཡེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
2023-04-17
འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་༧གོང་ས་མཆོག་ནི་སྲིད་པའི་དཔལ་ཡོན་གྱི་རྣམ་སྤྲུལ་ཡིན་པས་མགོན་པོ་མཆོག་གི་ཐུགས་གཤིས་ལ་ཅི་ནས་ཀྱང་དྭོགས་པ་མི་དགོས་ཞེས་བསྒྲགས་གཏམ་སྤེལ་འདུག
2023-04-17
བཞུགས་སྒར་དུ་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་འཚམས་གཟིགས་ཆེད་ཕེབས་འབྱོར་བྱུང་འདུག
2023-04-17
གསར་འགྱུར་བརྒྱུད་ལམ་ཁག་དང་སྤྱི་ཚོགས་དྲྭ་ལམ་ཁག་ཅིག་ཏུ་༧གོང་ས་མཆོག་ལ་གཞི་མེད་མཚན་ཤས་བཟོ་ཐབས་བྱས་བར་རྒྱ་གར་གཙོས་ས་གནས་ཁག་མང་པོར་བོད་མི་དང་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་མི་མང་ཚོས་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་བཞིན་འདུག
2023-04-15
རྒྱ་གར་བྱིས་པ་ལོ་ཆུང་ཞིག་ལ་མཇལ་ཁ་སྩལ་བ་དང་འབྲེལ་ཏེ། དྲ་ལམ་དུ་༧གོང་ས་མཆོག་ལ་མཚན་སྨད་ཀྱི་གནས་ཚུལ་སྤེལ་བཞིན་ནི། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་གཏོར་བཤིག་གི་ངན་བྱུས་ཤིག་རེད་ཅེས། བོད་མིའི་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་ཡོད་པ།
2023-04-15
༧སྐྱབས་རྗེ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡༣ ཉིན་དགོངས་པ་གཞན་དོན་དུ་གཤེགས་པའི་གནས་ཚུལ་ཐོན་པར་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་དང་ཧོན་སུར་རབ་རྒྱས་གླིང་ས་གནས་འགོ་མང་གིས་མྱ་ངན་གུས་འདུད་དང་བཅས་ས་གནས་མི་མང་མཉམ་ཞུགས་ཀྱིས་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས་ཡོད་པ།
2023-04-15
རྒྱ་ནག་ཕྱི་སྲིད་ལས་ཁང་གི་དཔོན་རིགས་མཐོ་གྲས་ཝང་ཡིས་ཕྱི་ཚེས་ ༡༥ ཉིན་འཇར་མེ་ནི་གཞུང་གིས་རྒྱ་ནག་དང་ཐེ་ཝན་གཉིས་ཞི་བའི་ཐོག་ནས་གཅིག་འགྱུར་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུར་ཡིད་ཆེས་དང་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།
2023-04-15
ཧི་མ་ལ་ཡའི་རི་བརྒྱུད་ཀྱི་རྒྱ་གར་གྱི་དད་ལྡན་པ་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བའི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་འདི་བོད་ཀྱི་ཁྱད་ཡོན་དང་རིག་གཞུང་ལ་གོ་བ་ཡག་པོ་མ་ལོན་པར་འཆལ་གཏམ་སྤེལ་བ་ཞིག་རེད་ཅེས་བརྗོད་དེ། ནུབ་ལ་དྭགས་ནས་ཤར་ཧི་མ་ལ་ཡའི་མོན་ཏྭ་ཝང་བར་རྔམ་སྟོན་ངོ་རྒོལ་གྱི་ལས་འགུལ་གཅིག་མཇུག་གཉིས་མཐུད་ཀྱིས་སྤེལ་བཞིན་འདུག