གསར་འགྱུར་ཡིག་ཚགས།
2023-03-13
ནེའུ་ཡོག་ཏུ་བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བརྩམས་པའི་ནང་ཞེས་པའི་རྩོམ་དེབ་ཅིག་དབུ་འབྱེད་དང་འབྲེལ་ནས་བོད་དོན་འཐབ་རྩོད་སྐོར་གཏམ་བཤད་གནང་སོང་།
2023-03-13
འཛམ་གླིང་ས་ཕྱོགས་གང་སར་བོད་ཀྱི་བུད་མེད་རང་དབང་སྒེར་ལངས་སྲུང་བརྩི་ཞུས་ཡོད་པ་རེད།
2023-03-13
རྒྱ་ནག་གི་སྲིད་བློན་གསར་པ་ལི་ཆང་གིས་མི་དམངས་འཐུས་མི་ཚོགས་ཆེན་མཇུག་སྒྲིལ་བའི་གསར་འགོད་གསལ་བསྒྲགས་སྐབས་སུ་སྒེར་གཉེར་ཁེ་ལས་ཁང་ཁག་ལ་ཁོར་ཡུག་ཡག་པོ་བསྐྲུན་རྒྱུ་ཡིན་ཚུལ་བརྗོད་འདུག
2023-03-13
རྒྱ་ནག་ཉེན་རྟོག་པས་རྩོམ་པ་པོ་དང་ཕྱི་རྒྱལ་མི་རིགས་ལ་སྣེ་ཤན་སྐད་སྒྱུར་བྱེད་མཁན་ཟངས་དཀར་འཇམ་དབྱངས་ལགས་འཛིན་བཟུང་བཙན་ཁྲིད་ཀྱིས། རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བ་དང་སྐད་འཕྲིན་གྱི་ཐོག་ཏུ་སྐད་ཆ་འདྲ་མིན་བཤད་པ་སོགས་ཀྱི་ཉེས་འཛུགས་ཀྱིས། ལོ་བཞི་ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག
2023-03-11
རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་བློ་མཐུན་Li Qiang ཟེར་བ་དེ་རྒྱ་ནག་གི་སྲིད་བློན་དུ་བསྐོ་འདེམས་བྱས་ཡོད་པ།
2023-03-10
ཡོ་རོབ་མཐུན་ཚོགས་ཀྱིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་ཡོང་བའི་རེ་སྐུལ་གནང་ངེས་ཡིན་པ་ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གིས་གསལ་སྟོན་གནང་བྱུང་།
2023-03-10
ཞི་ཅིན་ཕིན་གྱིས་རྒྱ་ནག་གཞུང་ལ་ལུགས་སྲོལ་ཡོད་པ་དང་བརྒལ་ནས་ཐེངས་གསུམ་པར་རྒྱ་ནག་གི་སྲིད་འཛིན་གྱི་གོ་གནས་དངོས་སུ་བླངས་ཡོད་འདུག
2023-03-10
བོད་བཙན་བྱོལ་གཞུང་དམངས་གཉིས་ཀྱིས་རྡ་རམ་སཱ་ལ་གཙོས་བོད་མི་གནས་ཡུལ་ས་གནས་གང་སར་རྣམ་པ་འདྲ་མིན་ཐོག་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༤པ་སྲུང་བརྩི་གནང་སོང་།
2023-03-09
ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་(Janet Rice)་ལགས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་མོར་བོད་མི་ཚོར་གདུང་སེམས་མཉམ་སྐྱེས་ཡོད་པ་གསུངས་ཡོད་འདུག
2023-03-09
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་སྤྱི་ཁྱབ་མཆོག་གིས་རྒྱ་ནག་གཞུང་ལ་བོད་དང་ཤིན་ཅང་མངའ་ཁུལ་དུ་བློ་འཚབ་བྱེད་གཞིའི་གནད་དོན་རྣམས་སེལ་དགོས་པའི་འབོད་སྐུལ་གནང་ཡོད་འདུག
2023-03-09
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སོག་རིགས་ཀྱི་དད་ལྡན་པ་གཙོས་པའི་ཕྱི་ནང་གི་མི་མང་ཁྲི་ཚོ་བརྒལ་བར་བདེ་མཆོག་ནག་པོ་བའི་ལུགས་ཀྱི་བཀའ་དབང་བསྩལ་སོང་།
2023-03-09
ཨ་རིའི་རང་དབང་ཁང་པའི་སྙན་ཐོའི་ནང་རྒྱ་ནག་གིས་སྟངས་འཛིན་ནན་པོ་བྱེད་པ་བརྒྱུད་བོད་ནང་མི་རིགས་ཀྱི་ངོ་བོ་འབུར་ཐོན་གྱི་རྣམ་པ་ཡོངས་སུ་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད་པ་ཐེར་འདོན་བྱས་འདུག
2023-03-08
བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བའི་སྐབས་འདིར་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་ས་ཁུལ་ཁག་ཅིག་ནང་ཆབ་སྲིད་སློབ་གསོའི་ལས་འགུལ་སྤེལ་བ་དང་ཉེན་རྟོག་ཚན་པ་ཁག་གིས་ཕྱོགས་གང་སར་ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་འདུག
2023-03-08
དབུས་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་སྲི་ཞུའི་ལས་བྱེད་རྣམ་པས་བོད་ནང་སྔ་རྗེས་སུ་རང་སྲོག་བློས་གཏོང་གནང་མཁན་ཚོར་རྗེས་དྲན་གྱི་མཆོད་འབུལ་སྨོན་ལམ་ཚོགས་གནང་འདུག
2023-03-08
ཁེ་ཎ་ཌར་བོད་མི་ཚོས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་སྤེལ་སྐབས་དོན་འགྲུབ་དབང་ཆེན་ལགས་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་ནས་ཕེབས་འབྱོར་བྱུང་འདུག