གསར་འགྱུར་ཡིག་ཚགས།
2023-02-07
ཨ་རིའི་གྲོས་ཚོགས་སུ་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཁྲིམས་འཆར་ངོ་སྤྲོད་གནང་ཡོད་པ་འདིར་རྒྱབ་སྐྱོར་ཡོང་ཐབས་སུ་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་འཐུས་མིར་འབོད་སྐུལ་ཞུས་པ།
2023-02-07
མདོ་སྨད་དམུ་དགེ་ཕྱོགས་སུ་ཉེ་ལམ་ལོ་སར་གྱི་སྤྲོ་ཚོགས་ཞིག་གི་སྐབས་ནང་པའི་ཆོས་དར་བཙུགས་པ་སོགས་ཀྱི་རྐྱེན་བྱས་ནས་རྒྱ་ནག་གི་ཉེན་རྟོག་པས་དགེ་དཔལ་ཟེར་བ་ཞིག་འཛིན་བཟུང་བཀག་ཉར་དང་དངུལ་གྱི་ཆད་པ་བཅད་འདུག
2023-02-07
སྐུ་འབུམ་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་མེ་ཏོག་མཆོད་པའི་སྐབས་རྒྱ་ནག་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཡོད་པར་དགོན་བདག་ཨ་ཀྱཱ་རིན་པོ་ཆེ་ཡིས་བློ་འཚབ་གནང་བཞིན་འདུག
2023-02-07
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་གྲོས་ཚོགས་ནང་ཕེབས་ནས་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ་གནང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གནང་གི་འདུག
2023-02-07
ཁྱུང་མཆུ་རྫོང་དུ་ཉེན་རྟོག་པ་ཚོ་ཁྱིམ་ཚང་རེ་རེ་བཞིན་ཉུལ་ནས་མི་མང་ལ་སྤྱི་ཚོགས་བདེ་འཇགས་ལ་ཁག་ཐེག་དགོས་པའི་ས་ཡིག་རྒྱག་བཅུག་པ་དང་ཁྱིམ་ནང་སྔོག་བཤེར་བྱེད་བཞིན་ཡོད་འདུག
2023-02-07
ངོས་ཀྱིས། ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ནས་ངལ་སེལ་རོགས་སྐྱོར་ཆེད་ཞལ་འདེབས་གནང་དགོས་པ་རེ་སྐུལ་ཞུས་ཡོད་ཅེས་བཀའ་གནང་འདུག
2023-02-06
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་གསུམ་གྱིས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཕྲུག་ཚོ་བཅའ་སྡོད་སློབ་གྲྭར་འཇུག་བཞིན་པའི་ཐད་བློ་ཚབས་དང་བཅས་ཉེན་ཁ་ཡོད་པ་བསྟན་འདུག
2023-02-06
བོད་ཀྱི་ས་ཁུལ་ཁག་ཅིག་ནང་ལུགས་རྙིང་ལོ་སར་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་མེ་ཏོག་མཆོད་པའི་སྐབས་སྐུ་འབུམ་སོགས་སུ་རྒྱ་ནག་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་འདུག
2023-02-06
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་མི་རི་ཀའི་ཆིས་ཁཱ་གྷོ་(Chicago)་ཁུལ་སོགས་ཀྱི་མཛད་འཆར་འགྲུབ་ནས་ཕྱིར་ཨ་རིའི་རྒྱལ་སར་ཕེབས་འབྱོར་བྱུང་འདུག
2023-02-04
༧གོང་ས་མཆོག་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་ཆེད་དུ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་བ།
2023-02-04
༧གོང་ས་མཆོག་གིས་དགའ་ལྡན་ཁྲི་ཐོག་༡༠༣པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གི་ཡང་སྲིད་ངོས་འཛིན་གནང་སྟེ་་དབུ་སྐྲ་གཙུག་ཕུད་བཞེས་མཛད།
2023-02-03
རྒྱ་ནག་གིས་གསང་བའི་གནས་ཚུལ་བསྡུ་ཆེད་བཏང་བར་དྭོགས་གཞི་ཡོད་པའི་ལྒང་ཕུག་ཅིག་ཨ་རིའི་མཁའ་དབྱིངས་ནས་རྙེད་རྗེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་ནང་འཚམས་གཟིགས་ཕྱིར་འགྱངས་བྱས་འདུག
2023-02-03
འཇར་མན་ནིའི་གྲོང་ཁྱེར་བརྒྱ་ཕྲག་ཁ་ཤས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་དང་བསྟུན་བོད་དོན་རྒྱབ་སྐྱོར་གྱི་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་རྒྱུའི་ལས་འགུལ་འགོ་འཛུགས་གནང་འདུག
2023-02-03
ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༧ནང་བཙོན་ཁང་དུ་གཟུགས་གཞི་བདེ་མིན་གྱིས་ལི་ཐང་རྫོང་གི་སྨན་ཁང་དུ་ཁྲིད་དགོས་བྱུང་ཡོད་པ་དང་། འདི་ལོ་་ཟླ་༡པོའི་ཚེས་༢༦ཉིན་དགེ་བཤེས་ལགས་འདས་གྲོངས་སུ་ཕྱིན་འདུག
2023-02-02
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨཛ་ར་ཛི་ཡ་ (Uzra Zeya)མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད།