ཁྲག་ཡིག་རྩོམ་པ་པོ།
2009.08.03

གསར་འགོད་པ་ཀླུ་འབུམ་བཀྲ་ཤིས།
![]() |
གསར་འགྱུར་ལ་གསན་རོགས་གནོངས། |
༄༅༎བོད་ཕྱི་ནང་གཉིས་སུ་སྐད་གྲགས་ཅན་གྱི་ཤར་དུང་རི་ཞེས་པའི་དུས་དེབ་དེའི་རྩོམ་སྒྲིག་པ་དང་རྩོམ་པ་པོ།དེ་བཞིན་ན་ནིང་བོད་ནང་གི་བོད་མིའི་ཞི་ངོ་རྒོལ་གྱི་ལས་འགུལ་སྐོར་བྲིས་ཡོད་པའི་ཁྲག་ཡིག་ཅེས་པའི་དཔེ་དེབ་དེའི་རྩོམ་པ་པོ་བཀྲ་ཤིས་རབ་བརྟན་ཞུ་བ།ཕྱི་ཟླ་བདུན་པའི་ཚེས་ཉི་ཤུ་རྩ་དྲུག་ཙམ་ནས་བློ་བུར་དུ་གར་སོང་ཆ་མེད་དུ་གྱུར་ཡོད་པའི་སྐོར།བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་ཁུངས་ལྡན་གྱི་གནས་ཚུལ་འདི་གའི་གསར་འགོད་པ་ཀླུ་འབུམ་བཀྲ་ཤིས་ལ་ངོ་སྤྲོད་གནང་བ་ཞིག་གསན་རོགས་གནོངས༎