རྒྱ་གཞུང་གིས་སླར་ཡང་མདོ་སྨད་ས་ཁུལ་ཁག་ནང་དམ་བསྒྲཊ།
2009.11.16
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎བོད་མདོ་སྨད་རྔ་བ་ཁུལ་དུ་རྒྱ་ནག་གཞུང་གིས་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ནས།སླར་ཡང་དམ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་པ་དང༌།འདི་མིན་ན་ནིང་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་རྒྱ་གར་ནང་བྲོས་འདོད་བྱས་པའི་ཉེས་དམིགས་འོག་འཛིན་བཟུང་བྱས་པའི་རྔ་བ་རྫོང་གི་བོད་མི་རྣམ་རྒྱལ་དང་།དེ་བཞིན་འདི་ལོ་ཕྱི་ཟླ་གསུམ་པའི་ནང་འཛིན་བཟུང་བྱས་པའི་ཀརྟི་དགོན་པའི་གྲྭ་འཇམ་དབྱངས་ཕུན་ཚོགས་གཉིས་ད་དུང་གར་ཡོད་ཤེས་རྟོགས་མེད་པའི་སྐོར།འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་རྡ་རམ་ས་ལའི་གསར་འགོད་པ་བློ་བེ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས།