ཆོ་འཕྲུལ་སྨོན་ལམ་ཆེན་མོ།

༸གོང་ས་མཆོག་གིས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོཊ་དགོན་དུ་ཆིབས་བསྒྱུར་གནང༌།

2010.03.01
བཞུགས་སྒར་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ། ༸གོང་ས་མཆོག་ནས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་དགོན་དུ་ཆིབས་བསྒྱུར་གནང་སྟེ་ཕྱི་ནང་སེར་སྐྱ་ཕོ་མོ་ཡོངས་ལ་བཀའ་སློབ་སྩོལ་བཞིན་པ།
བཙན་བྱོལ་བོད་གཞུང་དྲ་གནས།
གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ལོ་ཉིས་སྟོང་བཅུ་ཟླ་གཉིས་པའི་ཚེས་ཉི་ཤུ་རྩ་བརྒྱད་ཀྱི་ཉིན།བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གིས།བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་དགོན་དུ་ཆིབས་བསྒྱུར་བསྐྱངས་གནང་སྟེ།ཕྱི་ནང་སེར་སྐྱ་སྟོང་ཕྲུག་བརྒལ་བ་དང་།ལྷག་པར་དུ་ཉེ་ཆར་བོད་ནས་ཕེབས་པའི་བོད་མི་རྒན་གཞོན་ཡོངས་ལ་འཚམས་འདྲི་དང་བཀའ་སློབ་ལམ་སྟོན་བསྩལ་གནང་ཡོད་པའི་སྐོར།འདི་གའི་གསར་འགོད་པ་བློ་བེས་བཞུགས་སྒར་རྡ་རམ་ས་ལ་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎