རྒྱ་གཞུང་གིས་ཨ་མདོ་རྔ་བ་ཁུལ་དུ་དམ་བསྒྲཌ་བྱེད་བཞིན།
2009.03.05
![]() |
གསར་འགྱུར་ལ་གསན་རོགས་གནང་། |
༄༅༎བོད་ནང་གི་བོད་མི་ཚོས་ཕྱི་ལོ་ཉིས་སྟོང་བརྒྱད་ཟླ་གསུམ་པའི་ཚེས་བཅུ་ནས་བཟུང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་བྱས་དང་བྱེད་བཞིན་པ་དང་ལྷག་པར་དུ་ཉེ་ཆར་བོད་ཨ་མདོ་རྔ་བ་ཀིརྟི་དགོན་པའི་གྲྭ་བ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ཉིད་ཀྱི་ལུས་མེར་བསྲེགས་པར་བརྟེན་རྒྱ་ནག་གཞུང་གིས་མདོ་སྨད་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་གྱི་རྫོང་ཁག་ནང་དམག་མི་ཕོན་ཆེན་འགྲེམས་འཇོག་བྱས་ཏེ་དམ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་པའི་སྐོར་འདི་གའི་གསར་འགོད་པ་བློ་བིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་༎