ཆོལ་གསུམ་དང་བླངས་མི་མང་ཚོཊ་པ་ནས་སྨོན་ལམ།
2010.07.16
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎བཞུགས་སྒར་དུ་རྟེན་གཞི་བྱེད་པའི་ཆོལ་གསུམ་དང་བླངས་མི་མང་ཚོགས་པ་ནས། ༸གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་བོད་ཁམས་སྐྱེ་རྒུ་མདོ་རུ་ས་ཡོམ་གྱི་གོད་ཆགས་ཕོག་ནས་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་ཆེད་དུ། ཐེན་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་དང་སྨོན་ལམ་གསོལ་འདེབས་རྒྱ་ཆེ་ཞིག་གནང་བཞིན་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བློ་བེ་ལགས་ཀྱིས་ས་གནས་ས་ཐོག་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎