བོད་ཀྱི་རྒྱལ་ས་ལྷ་སའི་ནང་ངོ་རྒོལ།
2009.06.11
![]() |
གསར་འགྱུར་ལ་གསན་རོགས་གནོངས། |
༄༅༎ཟླ་འདིའི་ཕྱི་ཚེས་བདུན་གྱི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕ་རན་སིའི་རྒྱལ་ས་པེ་རི་སི་གྲོང་ཁྱེར་གྱི་ཆབ་འབངས་ཀྱི་མཚན་གནས་ཕུལ་བའི་ཉིན་མོ་དང་སྟབས་བསྟུན་ནས།བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་ཉིས་བརྒྱ་ལྷག་གིས་ངོ་རྒོལ་སྐད་འབོད་བྱས་པར་བརྟེན།རྒྱ་ནག་ཉེན་རྟོག་པས་བོད་མི་ཁག་ཅིག་འཛིན་བཟུང་བྱས་ཡོད་པའི་སྐོར།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཆབ་སྲིད་སྡེ་ཚན་ནས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་འདི་གའི་གསར་འགོད་པ་བློ་བེ་ལ་ཁུངས་ལྡན་གྱི་གནས་ཚུལ་ངོ་སྤྲོད་གནང་བ་ཞིག་ལ་གསན་རོགས་ཞུ༎