བཞུགས་སྒར་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ།
2012.11.05
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༤ ཉིན། བོད་ནང་གི་སྔ་དྲོའི་ཚོུད་༡༠ དང་ཕྱེད་ཀ་ཙམ་ལ་བོད་མདོ་སྨད་རེབ་གོང་དུ་དགུང་ལོ་༢༥ ཡིན་པའི་རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་པའི་རྗེས་འདས་གྲོངས་སུ་ཕྱིན་ཡོད་པར་བརྟེན། བཞུགས་སྒར་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བློ་བེས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎