ལྡི་ལི་བོད་མི་ཚོས་ལོ་གསར་སྐབས་རྒྱ་གཞུང་ལ་ངོ་རྒོལ།
2009.02.26
![]() |
གསར་འགྱུར་ལ་གསན་རོགས་གནང་། |
༄༅༎ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གི་དབང་བསྒྱུར་ལ་ཞི་བའི་ཡར་ལངས་ཀྱི་ལས་འགུལ་སྤེལ་བའི་ཐོག་རྒྱ་གཞུང་གིས་དྲག་གནོན་ཤུགས་ཆེན་བྱས་ཏེ་བོད་མི་མང་པོའི་ཚེ་སྲོག་ཤོར་བ་དང་འཛིན་བཟུང་བཙོན་འཇུག་དེ་བཞིན་ཉེས་རྡུང་ཚད་མེད་གཏོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་མཚོན་ཆེད་རྒྱ་གར་རྒྱལ་ས་ལྡི་ལིར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་མི་ལྔ་བརྒྱ་ལྷག་ཅིག་གིས་ལོ་གསར་ཚེས་པ་གཅིག་གི་ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པའི་སྐོར་འདི་གའི་གསར་འགོད་པ་བློ་བིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་༎