བཞུགས་སྒར་དུ་བུད་མེད་༢༧ལ་ཟབ་སྦྱོང༌།
2010.06.09
༄༅༎ཕྱི་ཟླ་དྲུག་པའི་ཚེས་བདུན་རེས་གཟའ་ཟླ་བའི་ཉིན། བཞུགས་སྒར་རྡ་རམ་ས་ལར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བཙན་བྱོལ་བོད་མི་སྤྱི་ཚོགས་ནང་བུད་མེད་ཀྱི་ནུས་ཤུགས་གོང་འཕེལ་གཏང་ཕྱོགས་དང་ལྷག་པར་དུ་མ་འོངས་པར་བོད་མིའི་སྤྱི་ཚོགས་ནང་ནུས་པ་དང་ལྡན་པའི་བུད་མེད་གང་མང་ཡོང་ཐབས་སུ། བཙན་བྱོལ་བོད་མིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་བུད་མེད་༢༧་ཞིག་ལ་ཟབ་སྦྱོང་ཞིག་གནང་བཞིན་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བློ་བེ་ལགས་ཀྱིས་ས་གནས་ས་ཐོག་ནས་བཏང་བའི་གནས་ཚུལ་ཞིག་ལ་གསན་རོགས་གནོངས༎