ཟས་བཅད་ངོ་རྒོལ་མཚམས་འཇོག་བྱས་པ།
2012.03.26
༄༅༎དེ་རིང་གི་རྒྱལ་ཁམས་མེ་ལོང་གི་ལེ་ཚན་ནང་དུ་བོད་ཆུ་འབྲུག་ལོའི་ལོ་གསར་ཚེས་གཅིག་གི་ཉིན་ནས་བཟུང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག་ཨ་རིའི་ནིའུ་ཡོརྐ་གྲོང་ཁྱེར་ནང་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོག་ཁང་ཆེན་མོའི་མདུན་དུ་བོད་མི་ཟས་བཅད་ངོ་རྒོལ་བ་གསུམ་གྱིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་སྟེ་ཉིན་གྲངས་སུམ་ཅུ་ཐམ་པ་འགོར་བའི་ཉིན་རྒྱལ་ཚོགས་ཀྱི་སྐུ་ཚབ་ཕེབས་ནས་ཡིག་ངག་གཉིས་ཀྱི་བརྡ་ལན་སྤྲད་པར་བརྟེན་ཟས་བཅད་ངོ་རྒོལ་དེ་མཚམས་འཇོག་བྱས་ཡོད་པའི་ཐད་ལྕགས་མོ་འཚོས་གནས་ཚུལ་ཕྱོགས་བསྡུས་བྱས་པར་ཉན་རོགས་གནོངས༎