མཁན་པོ་ཀར་བསྟན་རིན་པོ་ཆེས་བོད་དོན་དྲིལ་བསྒྲགས།
2012.06.12
![]() |
ལེ་ཚན་ལ་གསན་རོགས། |
༄༅༎དེ་རིང་གི་གཞིས་བྱེས་བོད་མི་ཞེས་པའི་ལེ་ཚན་ནང་དུ། ཨ་མི་རི་ཀའི་ཀ་ལི་པོར་ནི་ཡའི་ནང་ཡོད་པའི་འཇམ་དབྱངས་ཆོས་འཁོར་གླིང་ཆོས་ཚོགས་བཙུགས་མི་མཁན་པོ་ཀར་བསྟན་རིན་པོ་ཆེས་ད་རེས་སྤྱི་ཟླ྄་༥པའི་ཚེས་༢༦ཉིན་ཀ་ལི་ཕོར་ནི་ཡའི་བྱང་ཕྱོགས་ Monterrey ཟེར་བའི་ས་གནས་དེར། ཨ་རིའི་གཞུང་གི་རླུང་འཕྲིན་ཁང་ནང་བོད་དོན་སྐོར་དྲི་བ་དྲི་ལན་དང་འབྲེལ་གཏམ་བཤད་གནང་ཡོད་པ་དང་མ་ཟད། རླུང་འཕྲིན་དེ་ཉན་མི་མི་འབུམ་བཞི་ཙམ་བྱུང་ཡོད་པ་དང༌། དེ་བཞིན་ཁོང་གིས་“ངོས་ཀྱི་མི་ཚེ་དང་། ངོས་ཀྱི་ལུང་པ་ "ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་དགོང་མོ་ཆུ་ཚོད་བདུན་པའི་སྐབས་ནས་བཟུང་ཆུ་ཚོད་དགུ་པའི་བར་དུ། གཏམ་བཤད་གནང་ནས་བོད་དོན་ཐོག་དྲིལ་བསྒྲགས་ཤུགས་ཆེ་གནང་ཡོད་པའི་སྐོར། ཚེ་དབང་ནོར་བུས་ཁོང་ལ་བཀའ་འདྲི་ཞུས་པར་གསན་རོགས་ཞུ༎