དྷ་སར་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར།
2013.04.25

བོད་མིའི་སྒྲིག་འཛུགས།
༄༅༎ཟླ་འདིའི་ཕྱི་ཚེས་ ༢༥ ཉིན། བོད་མི་ཚོས་བཞུགས་སྒར་དུ་པཎ་ཆེན་སྐུ་ཕྲེང་༡༡པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༤ལ་ཕེབས་པའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་བརྩི་ཞུས་ཡོད་པ་མ་ཟད། པཎ་ཆེན་རིན་པོ་ཆེ་མཆོག་གི་ནང་མིའི་གནས་སྟངས་སྐོར་འབྲེལ་ཡོད་མི་སྣས་གནས་ཚུལ་གསར་པ་ངོ་སྤྲོད་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎