བོད་དོན་དྲིལ་བསྒྲགས་ཆེད་སྦག་སྦག་སྐོར་སྐྱོད་གནང་བ།
2010.03.22

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསོད་ནམས་དབང་འདུས།
༄༅༎།རྒྱ་གར་བདེ་ར་རྡུང་ནང་ཡོད་པའི་བོད་མིའི་གཞིས་ཆགས་བདེ་སྐྱིད་གླིང་ས་གནས་གཞོན་ནུ་ཚོགས་པའི་གོ་སྒྲིག་འོག་རྒྱ་གར་ཡུལ་མི་རྣམས་ལ་བོད་དོན་དྲིལ་བསྒྲགས་ཡོང་ཆེད་དུ།བོད་མི་ཁག་གིས་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་ནས།ཕྱི་ཚེས་ཉི་ཤུ་རྩ་གཅིག་གི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་འབྱོར་ཡོད་པའི་སྐོར།འདི་གའི་གསར་འགོད་པ་དཀར་མཛེས་བསོད་ནམས་དབང་འདུས་ལགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎