བོད་ཀྱི་དགོན་པའི་ནང་བཙན་སྐུལ།
2012.07.19
༄༅། །རྒྱ་ནག་གཞུང་ནས་བོད་ཀྱི་དགོན་སྡེ་ཁག་ནང་བཙན་དབང་གི་ཐོག་ནས་སྤྲོ་སྐྱིད་གཏོང་འཇུག་པ་དང༌། གཞས་དང་ཞབས་བྲོ། རྟ་རྒྱུགས་ཀྱི་ལྟད་མོ་ལྟ་རུ་འཇུག་པ་སོགས་ཀྱི་ལས་གཞི་ཞིག་སྤེལ་འདུག ཟླ་བ་འདིའི་ཚེས་ ༡༤ ཉིན་བོད་ཀྱི་ཁམས་གསེར་རྟ་རྫོང་དུ་ཡོད་པའི་ཚུར་སྤུ་དགོན་པ་ནས་འགོ་འཛུགས་བྱས་པའི་ལས་གཞི་དེས་རྐྱེན་པས་དགེ་འདུན་པ་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག ཞིབ་ཕྲའི་གནས་ཚུལ་ང་ཚོའི་ ཨོས་ཊརེ་ལི་ཡ་ ཁུལ་གྱི་གསར་འགོད་པ་ནོར་བུ་དགྲ་འདུལ་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།