བོད་མི་ལྷ་ས་ནས་ཕྱིར་འབུད།
2013.02.04

ཝི་ཀི་པི་ཌི་ཡ།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་སླར་ཡང་བོད་ཁམས་དང་ཨ་མདོ་ཕྱོགས་ནས་ཡིན་པའི་བོད་མི་ཚོའི་ཐོག་དམ་བསྒྲགས་ཆེ་རུ་བཏང་ནས། བོད་མི་རྣམས་ལ་ཁྲིམས་མཐུན་ཡིག་ཆ་ཡོད་ཀྱང་རྩིས་མེད་བཏང་སྟེ་ཕྱིར་འབུད་བྱེད་བཞིན་ཡོད་པ་མ་ཟད། རྒྱ་རིགས་དང་བོད་རིགས་བར་དབྱེ་འབྱེད་ཧ་ཅང་ཆེན་པོ་བྱས་ཏེ་བོད་མི་རྣམས་ལ་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར། བོད་ནས་བོད་མི་ཞིག་གིས་འདི་གའི་གསར་འགོད་པ་དཀར་མཛེས་ནོར་བུ་དགྲ་འདུལ་ལགས་སུ་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎