ཁམས་འཇོ་མདའ་ཁུལ་གྱི་བོད་མི་ཚོར་བཙན་དབང་བཏང་ཡོད་པ།
2009.06.08
![]() |
གསར་འགྱུར་ལ་གསན་རོགས་གནོངས། |
༄༅༎ཉེ་ཆར་ཕྱི་ཟླ་ལྔ་པའི་ཚེས་སུམ་ཅུ་ཡས་མས་ཙམ་ལ་བོད་ཁམས་ཆབ་མདོ་ཕྱོགས་ནས་ཁམས་འཇོ་མདའ་ཁུལ་ལ་རྒྱ་ནག་གཞུང་གི་དམག་མི་འབོར་ཆེན་ཡོང་ནས་ཁུལ་དེའི་བོད་མི་རྣམས་ལ་བཙན་དབང་གི་ཐོག་ནས་ཞིང་ཁ་རྨོ་བཅུག་ཡོད་པ་དང་།སྐབས་དེར་བོད་མི་མང་པོ་ཞིག་ལ་མེ་མདའ་བརྒྱབས་པ་དང་ལྕགས་རྒྱུག་སོགས་ཀྱི་ཉེས་རྡུང་ཚད་མེད་བཏང་ཡོད་པའི་སྐོར་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་དབང་རྒྱལ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བ་ཞིག་ལ་གསན་རོགས་གནོངས༎