ཁང་དམར་དགོན་གྱི་གྲྭ་བས་ངོ་རྒོལ།
2011.06.17

བོད་ནས་བཏང་བའི་འདྲ་པར།
![]() |
ཕྱི་ཚེས་༡༧ཉིན་བྱུང་བའི་ངོ་རྒོལ་དང་འཛིན་བཟུང་སྐོར་གསན་རོགས། |
![]() |
ས་ག་ཟླ བའི་ཚེས་པ་༡༥ཉིན་བྱུང་བའི་ངོ་རྒོལ་དང་འཛིན་བཟུང་སྐོར་གསན་རོགས། |
༄༅༎བོད་ཁམས་དཀར་མཛེས་རྫོང་ཐོག་ཏུ་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་མིན་ལ་མ་ལྟོས་པར། དེ་རིང་ཚེས་པ་བཅུ་བདུན་གྱི་ཉིན། དཀར་མཛེས་རྫོང་ཁང་དམར་དགོན་པའི་དགེ་འདུན་པ་གཉིས་ཀྱིས་བོད་རང་བཙན་དང༌། ༸གོང་ས་མཆོག་དང་བཀའ་བློན་ཁྲི་པ་གསར་པ་བློ་བཟང་སེངྒེ་ལགས་བོད་ནང་གདན་འདྲེན་ཞུ་དགོས་པའི་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། རྒྱ་ནག་ཉེན་རྟོག་པས་འཛིན་བཟུངབྱས་ཡོད་པའི་གནས་ཚུལ། དཀར་མཛེས་ཁང་དམར་དགོན་པའི་དགེ་འདུན་པ་ཞིག་གིས། འདི་གའི་གསར་འགོད་པ་དཀར་མཛེས་ནོར་བུ་དགྲ་འདུལ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎