བོད་ཁམས་དཀར་མཛེས་ཁུལ་དུ་བོད་དོན་ལས་འགུལ་སྤེལ་ཡོད་པ།
2009.03.01
![]() |
གསར་འགྱུར་ལ་གསན་རོགས་གནང་། |
༄༅༎འདི་ལོ་གཞིས་བྱེས་བོད་མི་ཡོངས་ཀྱིས་སྔ་ལོ་བོད་ནང་འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་འཛིན་བཟུང་བཙོན་འཇུག་དེ་བཞིན་ཉེས་རྡུང་ཚད་མེད་གཏོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ལོ་གསར་སྐབས་བོད་དོན་ལས་འགུལ་འདྲ་མིན་སྤེལ་ཡོད་པ་བཞིན་ཁམས་དཀར་མཛེས་ཁུལ་གྱི་གྲོང་སྡེ་མང་པོ་ཞིག་གིས་ཀྱང་མ་སྐུལ་དང་བླངས་ཐོག་ནས་ལོ་གསར་སྐབས་ཟས་བཅད་ངོ་རྒོལ་སོགས་ལས་འགུལ་ཁག་སྤེལ་ཡོད་པའི་སྐོར་འདི་གའི་གསར་འགོད་པ་བློ་བིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་༎