ཟས་བཅད་ངོ་རྒོལ་དུ་གཟིཊ་སྐོར།
2011.05.12

ཨེ་ཤེ་་ཡ་རང་དབང་རླུང་འཕྲིན་ཁང༌། དཀར་མཛེས་བསོད་ནམས་དབང་འདུས།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ལོ་་ཉིས་སྟོང་བཅུ་གཅིག་ཟླ་ལྔ་པའི་ཚེས་བཅུ་གཉིས་ཀྱི་ཉིན། གསར་དུ་འོས་འདེམས་བྱུང་བའི་བཙན་བྱོལ་བོད་གཞུང་གི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས། རྒྱ་གར་གྱི་རྒྱལ་ས་ལྡི་ལི’འི་ནང་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསུམ་གྱིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་ཡུལ་དུ་ཕེབས་ནས། རྒྱུན་ལས་དེ་དག་གསུམ་གྱི་སེམས་ཤུགས་དང་སྙིང་སྟོབས་ལ་མངགས་བརྗོད་དང་འབྲེལ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་དཀར་མཛེས་བསོད་ནམས་དབང་འདུས་ལགས་ཀྱིས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎