བཞུགས་སྒར་དུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ།

ཉེ་ཆར་རྒྱ་གཞུང་གིས་བོད་མིའི་ཐོག་རྡུང་རྡེག་གི་ལས་འགུལ་སྤེལ་བར་བོད་མི་ཚོས་ངོ་རྒོལ་མཚོན་ཆེད་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ།

2010.03.08

གསར་འགྱུར་ལ་གསན་རོགས།

༄༅།།ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ནང་ས་གནས་མང་པོ་ཞིག་གི་ནང་དུ།རྒྱ་ནག་གཞུང་གིས་རྡུང་རྡེག་ཚ་ནན་ཞེས་པའི་དྲག་གནོན་གྱི་ལས་འགུལ་སྤེལ་འགོ་བཙུགས་ཡོད་པ་དེར་ངོ་རྒོལ་མཚོན་ཆེད་དུ།ཕྱི་ཟླ་གསུམ་པའི་ཚེས་ལྔ་རེས་གཟའ་པ་སངས་ཀྱི་ཉིན།བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་མ་ཡིན་པའི་ཆབ་སྲིད་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང༌།བོད་ཀྱི་བུད་མེད་ལྷན་ཚོགས།རྒྱལ་ཡོངས་མང་གཙོ་ཚོགས་པ།བོད་ཀྱི་དགུ་བཅུ་གསུམ་ཚོགས་པ།བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས།མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པའི་སྐོར།འདི་གའི་རྡ་རམ་ས་ལའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎