གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ།

བོད་ནང་རང་སྲེག་གནང་མཁན་ཚོར་གདུང་སེམས་མཉམ་བསྐྱེད་ཆེད་དེ་རིང་ཕྱི་ཚེས་༡༦ཉིན་བཞུགས་སྒར་དྷ་རམ་ས་ལར་གཞུང་འབྲེལ་མཆོད་འབུལ་ཞིག་གནང་འདུག

2013.01.16
བོད་ནང་རང་སྲེག་གནང་མཁན་ཚོར་གདུང་སེམས་མཉམ་བསྐྱེད་ཆེད་དེ་རིང་ཕྱི་ཚེས་༡༦ཉིན་བཞུགས་སྒར་དྷ་རམ་ས་ལར་གཞུང་འབྲེལ་མཆོད་འབུལ་ཞིག་གནང་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།

༄༅།    །རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན་ནས་  ཕྱི་ལོ་ཉིས་སྟོང་བཅུ་གསུམ་ལོའི་ཕྱི་ཟླ་དང་ པོའི་ཚས་༡༢ཉིན་ རང་ལོ་༢༢་ལ་སོན་པ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་རང་སྲེག་གི་ལས་འགུལ་སྤེལ་ཡོད་པ་དང་།    དེ་བཞིན་སྔ་ལོ་ཕྱི་ཟླ༩ནང་རང་ལོ་༦༢ཉིན་པའིོ་པ་སངས་ཚེ་རིང་ལགས་ནས་རང་སྲེག་གི་ལས་འགུལ་སྤེལ་བ་གཙོ་བོར་འགྱུར་བའི་བོད་བསྟན་སྲིད་ཆེད་རང་ལུས་མཆོད་མེར་འབུལ་མཁན་ཡོངས་ཀྱི་ཆེད་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཞིག་ཚོགས་འདུག    ཞིབ་ཕྲའི་གནས་ཚུལ་ང་ཚོའི་ས་གནས་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎