བོད་ནང་ཐབས་ལམ་གཞན་མེད།
2012.10.08

བོད་ནས་བཏང་བ།
![]() |
གསར་འགྱུར་ལ་གསན་རོགས། |
༄༅།།ཉེ་ཆར་ཟླ་འདིའི་ཚེས་ ༤ ཉིན་ནག་ཆུ་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་བོད་ལ་རང་དབང་དགོས་ཞེས་རང་ལུས་མེར་སྲེག་གིས། རྒྱ་གཞུང་ལ་ཞི་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་བའི་བོད་མི་དགུ་འགྲུབ་ལགས་ཀྱིས། རང་ལུས་མེ་སྲེག་གི་ལས་འགུལ་མ་སྤེལ་བའི་སྔོན་དུ་ཁོང་གི་གྲོགས་པོ་རྣམས་ལ། བོད་ནང་བོད་དོན་ཆེད་ལས་འགུལ་སྤེལ་རྒྱུའི་ཐབས་ལམ་རང་ལུས་མེ་སྲེག་མ་གཏོགས་ཐབས་ལམ་གཞན་མེད་པའི་སྐོར་གསུངས་ཡོད་པ་ཞིག འདི་གའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎