རྒྱ་རིགས་སློབ་མ་ཁག་ཅིག་བཞུགས་སྒར་དུ་འཚམས་གཟིགས།
2012.07.25
༄༅། །རྒྱ་གར་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག ཐེ་ཝན་ནང་གི་མཐོ་རིམ་སློབ་གྲྭའི་རྒྱ་རིགས་སློབ་མ་གྲངས་༡༦ དང་དགེ་རྒན་གཉིས། འབྲེལ་མཐུད་པ་གཅིག་བཅས་མི་སྣ་ ༡༩ ལས་གྲུབ་པའི་སྐུ་ཚབ་ཚོགས་ཁག་ཅིག་དེང་སྐབས་བཞུགས་སྒར་དྷ་རམ་ས་ལར་འཚམས་གཟིགས་ཆེད་ཕེབས་ཡོད་རེད། སློབ་མ་ཁག་ཅིག་ནས་ད་རེས་ཀྱི་འཚམས་གཟིགས་དེིའི་བརྒྱུད་ནས་བོད་དོན་ཤེས་རྟོགས་ཐུབ་པར་ཕན་ཐོགས་དང༌། མ་འོངས་བོད་དོན་ལས་འགུལ་སྤེལ་རྒྱུར་སྐུལ་མ་ཐེབས་ཡོད་སྐོར་གསུངས་འདུག ཞིབ་ཕྲ་ང་ཚོའི་བཞུགས་སྒར་དྷ་རམ་ས་ལའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ཀྱིས་གནས་ཚུལ་བཏང་བར་གསན་རོགས།