སྲོག་ཁྲིམས་ལ་ངོ་རྒོལ།
2010.05.29

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཉེ་ཆར་རྒྱ་ནག་གཞུང་གི་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་གིས།བོད་མི་བསོད་ནམས་ཚེ་རིང་ཞུ་བ་ཞིག་ལ་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་གྱི་འགོ་ཁྲིད་ཡིན་པའི་ཉེས་དམིགས་བཙུགས་ཏེ་ལོ་གཉིས་དུས་འགྱངས་ཀྱི་སྲོག་ཁྲིམས་བཅད་པ་དང༌།དེ་བཞིན་བོད་མི་ལྔ་ལ་ལོ་གསུམ་ནས་བདུན་བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེར།ཟླ་འདིའི་ཕྱི་ཚེས་ཉེར་བརྒྱད་ཀྱི་ཉིན་བཞུགས་སྒར་དུ།བཙན་བྱོལ་བོད་གཞུང་དང་གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ངོ་རྒོལ་དང་བློ་ཕམ་ཡོད་ལུགས་སོགས་རྣམ་འགྱུར་གསལ་སྟོན་གནང་ཡོད་པའི་སྐོར།འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་ས་གནས་ནས་བཏང་འབྱོར་བྱུང་བ་ཞིག་ལ་གསན་རོགས༎