བོད་ཁམས་ཁུལ་དུ་ངོ་རྒོལ།
2009.02.17

གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ།
![]() |
གསར་འགྱུར་ལ་གསན་རོགས་གནང་། |
༄༅༎ཟླ་བ་འདིའི་ཚེས་བཅོ་ལྔ་ཉིན་ཁམས་ལི་ཐང་གནས་སྒོ་དགོན་པ་ནས་ཡིན་པའི་དགེ་འདུན་པ་བློ་བཟང་ལྷན་གྲུབ་ཞུ་བ་ཞིག་གིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང་དེ་དང་འབྲལ་བའི་ཐོག་དེ་རིང་ཕྱི་ཚེས་བཅུ་དྲུག་གི་ཉིན་སྔ་དྲོ་སླར་ཡང་ཁམས་ལི་ཐང་ཁུལ་གྱི་བོད་མི་སེར་སྐྱ་བཅུ་གཅིག་གིས་ངོ་རྒོལ་སྐད་འབོད་བྱས་སྐབས་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ཉེས་རྡུང་ཚད་མེད་བཏང་ཡོད་པའི་སྐོར་འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་གྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་༎