དཔའ་བོ་ཐུབ་བསྟན་དངོས་གྲུབ།
2009.05.01

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།
![]() |
གསར་འགྱུར་གསན་རོགས་གནང་། |
༄༅༎ཕྱི་ཟླ་བཞི་པའི་ཚེས་ཉི་ཤུ་རྩ་དགུའི་ཉིན་དེ་ནི་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་བོད་དོན་ཆེད་རང་སྲོག་བློས་བཏང་བའི་ཉིན་མོ་དེ་ཡིན་པར་བརྟེན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལོ་ལྟར་ཉིན་འདིར་རྒྱལ་གཅེས་དཔའ་བོའི་ཉིན་མོ་ཟེར་སྲུང་བརྩི་ཞུ་ཚུལ་ཡོད་པ་བཞིན་བཞུགས་སྒར་དུ་རྒྱལ་གཅེས་དཔའ་བོའི་ཉིན་མོ་ཐེངས་བཅུ་གཅིག་པ་དེ་སྲུང་བརྩི་ཞུས་ཡོད་པའི་སྐོར་འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་གྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་༎