རྒྱ་ནག་ཉེན་རྟོག་པས་བོད་མི་ཞིག་ལ་ཉེས་རྡུང་ཚད་མེད་བཏང་བ།
2010.06.23
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ལོ་ཉིས་སྟོང་བཅུ་ཟླ་དྲུག་པའི་ཚེས་ཉི་ཤུ་རྩ་གཉིས་ཀྱི་ཉིན། བོད་ནས་ཁ་པར་བརྒྱུད་ཁུངས་ལྡན་གྱི་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། ཉེ་སྔོན་ཟླ་བ་འགའ་ཤས་ཀྱི་སྔོན་ལ་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་བོད་མི་རིགས་ན་གཞོན་ཞིག་ལ་རྒྱ་གཞུང་གི་དམག་མིས་ཉེས་རྡུང་ཚད་མེད་བཏང་བའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཡོད་པའི་སྐོར། བོད་ནས་མིང་འདོན་གནད་འདོད་མེད་པའི་བོད་མི་ཞིག་གིས་འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་གནོངས༎