ཨ་རིའི་རྒྱལ་སར་འཁྲུངས་སྐར།
2012.07.08
༄༅།།ཨ་མི་རི་ཀའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་༸གོང་༸སྐྱབས་མགོན་ཆེན་པ་མཆོག་གི་སྐུའི་འཁྲུངས་སྐོར་སྲུང་བརྩིའི་མཛད་སྒོར་བྱང་ཨ་མི་རི་ཀའི་སྤྱི་འཐུས་ནོར་བུ་ཚེ་རིང་ལགས་དང་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་མཉམ་ཞུགས་གནང་འདུག
བོད་མི་གནས་ཡུལ་འཛམ་གླིང་ས་ཕྱོགས་གང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༧པ་ཕེབས་པའི་སྐུའི་འཁྲུངས་སྐོར་སྲུང་བརྩི་ཟབ་རྒྱས་གནང་ཡོད་པ་ལྟར།རེས་གཟའ་སྤེན་པའི་ཕྱི་དྲོ་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ཌི་སི་དང་། ཝར་ཇི་ནི་ཡ། མེ་རི་ལེནྜི་བཅས་ཀྱིས་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་དང་ཚོགས་པའི་རྒྱུན་ལས་གསར་རྙིང་འཕོ་འགྱུར་དུས་གཅིག་ལ་གནང་འདུག མཛད་སྒོའི་སྐུ་མགྲོན་གཙོ་བ་བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་ནོར་བུ་ཚེ་རིགས་ལགས་དང་ས་གནས་སུ་གཏན་བཞུགས་བཀའ་ཟུར་རྒྱལ་རི་བློ་གྲོས་རྒྱལ་མཚན་མཆོ་རྣམ་གཉིས་གདན་ཞུ་གནང་འདུག མཛད་རིམ་གྱི་མཐོག་མར་ས་གནས་བོད་རིགས་སྤྱི་འཐུན་ཚོགས་པའི་ཚོགས་གཙོ་ལས་ཐོག་པ་སྐལ་ལྡན་བློ་གྲོས་ལགས་ཀྱིས་སྔ་ལོ་ཨ་རིའི་རྒྱལ་སར་དུས་འཁོར་དབང་ཆེན་གོ་སྒྲིག་ཞུས་པ་དེ་ལམ་ལྷོང་ཆེན་པོ་བྱུང་ཡོད་པ་མ་ཟད་ལོ་རྒྱུས་ཀྱི་དོན་རྙིང་ལྡན་པ་ཞིག་བྱུང་ཡོད་པའི་ཁར་ཚོགས་པའི་མ་དངུལ་ཨ་རིའི་ཌོར་འབུམ་བདུན་ཙམ་ཡོད་སྐོར་སོགས་ལས་བསྡོམས་དང་རྩི་ཁྲ་སྙིང་བསྡུས་སྙན་སྒྲོན་གནང་དང་སྦྲགས་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཕྱི་ནང་མི་སྣ་ཚོར་ལེགས་སྐྱེས་ཕུལ་བའི་རྗེས་རྒྱུན་ལས་གསར་རྙིང་དབར་མཇལ་དར་ཕུལ་རེས་ཀྱི་ལམ་ནས་རྒྱུན་ལས་འཕོ་འགྱུར་གནང་འདུག དེ་རྗེས་སྤྱི་འཐུས་ནོར་བུ་ཚེ་རིང་ལགས་ཀྱིས་བྱང་ཨ་རིའི་སྤྱི་འཐུས་ཀྱིས་ལས་བསྡོམས་སྙིང་ནང་བྱང་ཨ་རིའི་ནང་གནས་པའི་བོད་མི་སྤྱི་དང་ལྷག་དོན་དུ་ཕྱི་མི་ཚེ་གྲོགས་་ཡོད་པའི་ནང་མིའི་འགྲོ་འོང་གི་དཀའ་ངལ་སེལ་ཐབས་དང་། བྱང་ཨ་རིའི་བོད་མིའི་རེས་གཟའ་ཉི་མའི་སློབ་གྲའི་སློབ་དེབ་གསར་སྒྲིག་དང་། བྱང་ཨ་རིའི་ནང་གཞུང་དམངས་འཕྲོད་བོད་ནང་གི་ཛ་དྲག་གི་དཀའ་ངལ་གསལ་བཤད་ཀྱི་ལམ་ནས་གྲོ་ཚོགས་ནང་རྒྱབ་སྐོར་ཡོང་ཐབས་གནང་བཞིན་པ། ལྷག་དོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་༸གོང་ས་མཆོག་གི་འཁྲུངས་སྐར་དང་སྟབས་བསྟུན་གྱི་རྒྱལ་སྤྱིའི་ཐོག་བདེན་པའི་མར་མེའི་སྐོར་བསྐྱོད་ཀྱི་ལས་འགུལ་དབུ་འཛུགས་གནང་ཡོད་པ་སོགས་ཀྱིས་འགྲེལ་བརྗོད་གནང་འདུག བཀའ་ཟུར་རྒྱ་རི་རིན་པོ་ཆེས་ལོ་མང་རིང་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བ་དང་དེ་རྗེས་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་གནང་རྒྱུའི་གོ་སྐབས་བཟང་པོ་ཐོབ་པར་བཀའ་དྲིན་རྗེས་དྲན་དང་མི་ཚེ་ཧྲིལ་པོའི་རིང་རང་འཁྲི་ལས་འགན་ལྷག་བསམ་རྣམ་གིས་ཞུས་ཡོད་པ་དང་ལས་རྒྱུན་རིང་རང་དོན་ཏིལ་འབྲུ་ཙམ་ཡང་བསྒྲུབས་མེད་གསུངས་དང་སྦྲགས་བོད་མི་ཚང་མས་༸གོང་ས་མཆོག་གི་དགོངས་གཞི་འགྲུབ་རྒྱུར་རྡོ་རྩ་ཆིག་སྒྲིལ་དགོས་པའི་སྐོར་བཀའ་སློབ་གནང་འདུག།