མདོ་ཁམས་འཇང་དགུན་ཆོས་ཐེངས་ལྔ་པ།


2013.06.12
བོད་མདོ་ཁམས་རྟའུ་ཉ་མཚོ་དགོན་ཐོས་བསམ་དར་རྒྱས་གླིང་དུ་རི་བོ་དགེ་ལྡན་པའི་དགོན་པ་ཁག་ནས་དགེ་འདུན་པ་སུམ་སྟོང་ཉིས་བརྒྱ་ལྷག་ནས་མདོ་ཁམས་འཇང་དགུན་ཆོས་ཐེངས་ལྔ་པར་མཉམ་ཞུགས་གནང་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།ཀླུ་འབུམ་བཀྲ་ཤིས།

༄༅༎ཕྱི་ཟླ་༦ཚེས་༡༠ནས་༢༠བར་བོད་མདོ་ཁམས་རྟའུ་ཉ་མཚོ་དགོན་ཐོས་བསམ་དར་རྒྱས་གླིང་དུ་རི་བོ་དགེ་ལྡན་པའི་དགོན་སྡེ་ཁག་༦༡ནས་དགེ་འདུན་པ་༣༢༠༠ལྷག་མདོ་ཁམས་འཇང་དགུན་ཆོས་ཐེངས་པར་མཉམ་ཞུགས་གནང་བཞིན་པ་དང༌།ཐེངས་འདིའི་ཚོགས་ཆེན་སྐབས་༸གོང་ས་མཆོག་ནས་བཀའ་ཕེབས་པ་བཞིན་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱ་དགོས་པ་དང༌།ཁོར་ཡུག་སྲུང་སྐྱོབ་བྱ་ཕྱོགས།སྐད་ཡིག་སྲུང་གཅེས་སྐྱོང༌།སྤྱི་ཚོགས་ཁྲོད་ཕྱོགས་འཐེན་མེད་པ་བཟོ་རྒྱུ།མི་ཆོས་བླ་མའི་བརྫུན་འགོག་ཐབས།ལུང་སྐད་ཐོག་དགོངས་ཚུལ་ཇི་ཡོད།མདོ་ཁམས་སྤྱི་ཚོགས་ཁྲོད་ལེགས་ཆ་སྤེལ་རེས་ཀྱི་ལས་འགུལ་ཇི་སྤེལ་སོགས་ཀྱི་ཐོག་བགྲོ་གླེང་གནང་བཞིན་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎