ཛ་དྲག་གི་གནས་སྟངས་མཚམས་འཇོག་གི་རེ་སྐུལ།

འཇར་མེ་ནིའི་སྲིད་འཛིན་རྒྱ་ནག་ནང་འཚམས་གཟིགས་སྐབས་བོད་ནང་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་དགོས་པའི་རེ་སྐུལ།

2012.08.29
འཇར་མེ་ནིའི་སྲིད་འཛིན་རྒྱ་ནག་ནང་འཚམས་གཟིགས་སྐབས་རྒྱ་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་གནང་དགོས་པའི་རེ་སྐུལ།
འཇར་མེན་བོད་དོན་རྒྱབ་སྐྱོར་ཚོགས་པ།

༄༅༎ཕྱི་ཟླ་༨ཚེས་༢༨རེས་གཟའ་མིག་དམར་ཉིན་འཇར་མེན་བོད་རིགས་ཚོགས་པ་དང༌།འཇར་མེན་བོད་དོན་རྒྱབ་སྐྱོར་ཚོགས་གཉིས་ཀྱི་གོ་སྒྲིག་འོག་འཇར་མེ་ནིའི་རྒྱལ་ས་སྦེར་ལིན་ནང་བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་རྗེས་དྲན་ཞུ་བའི་ལས་འགུལ་ཞིག་སྤེལ་བ་དང༌།དེ་རིང་ཕྱི་ཚེས་༢༩ཉིན་འཇར་མེ་ནིའི་སྲིད་བློན་ཨེང་ཀེ་ལ་མེར་ཀེལ་མཆོག་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་སྐབས་རྒྱ་ནག་གི་དཔོན་རིགས་ལྷན་བོད་ནང་གི་ཛ་དྲག་གི་གནས་སྟངས་དང༌།བོད་ཐོག་འཛིན་པའི་དྲག་པོའི་སྲིད་ཇུས་མཚམས་འཇོག་ཡོང་བའི་ཆེད་གླེང་དགོས་པའི་རེ་སྐུལ་བཏོན་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡོ་རོབ་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎