བོད་མི་བྲོས་བྱོལ་བ་ཇེ་ཉུང༌།
2013.06.11

༄༅༎ཕྱི་ལོ་༢༠༠༨ནས་བཟུང་རྒྱ་ནག་གཞུང་གིས་བོད་དང་བལ་ཡུལ་ས་མཚམས་སུ་དམག་མི་ཕོན་ཆེ་འགྲེམས་འཇོག་བྱས་ཏེ་བོད་མི་བལ་ཡུལ་བརྒྱུད་རྒྱ་གར་ནང་བྲོས་བྱོལ་དུ་ཡོང་མཁན་བཀག་འགོག་བྱས་པ་དང༌།བལ་ཡུལ་ཉེན་རྟོག་པས་ལག་འཁྱེར་མེད་པའི་བོད་མི་བྲོས་བྱོལ་བ་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་པ་སོགས་ལ་བརྟེན་ནས་འདི་ལོ་ཕྱི་ཟླ་དང་པོ་ནས་དྲུག་པའི་བར་བོད་མི་བྲོས་བྱོལ་བ་ཉི་ཤུ་རྩ་བདུན་མ་གཏོགས་རྒྱ་ནག་ནང་འབྱོར་ཐུབ་མེད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགསནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎