སྐུ་གདུང་ཞུགས་འབུལ་གནང་རྒྱུ།

གྲུབ་དབང་༧པད་ནོར་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པ་ནས་ད་ཆ་ལོ་བཞི་འགྲོ་བཞིན་ཡོད་པ་དང་། རིང་མིན་སྐུ་གདུང་ཞུགས་འབུལ་གནང་རྒྱུ།

2013.01.10
༧པད་ནོར་རིན་པོ་ཆེའི་སྐུ་དམར་གདུང་བཞུགས་ཡུལ་ཟངས་མདོག་དཔལ་རིའི་ལྷ་ཁང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། པདྨ་དངོས་གྲུབ།
གསར་འགྱུར་ལ་གསན་རོགས།

༄༅།    ། སྔ་འགྱུར་རྙིང་མའི་ཁྲི་རབ་གསུམ་པ་༧གྲུབ་དབང་༧པད་ནོར་རིན་པོ་ཆེ་མཆོག་ཕྱི་ལོ་༡༩༣༢ལོར་སྐུ་འཁྲུངས་ཤིང་།    ཕྱི་ལོ་༢༠༠༩ལོར་མགོན་པོ་གང་ཉིད་དགུང་གྲངས་༧༧དུ་ཕེབས་སྐབས་དགོངས་པ་གཞན་དོན་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད།    འོན་ཀྱང་དད་ལྡན་རྣམས་ཀྱི་མངོན་འདོད་བཞིན་ད་བར་མགོན་པོ་གང་ཉིད་ཀྱི་སྐུ་ཕུང་ཞུགས་འབུལ་མ་གནང་བར་དམར་གདུང་བཞུགས་ཡོད་པ་དེ་ལྟར་ཡང་།    མ་འོངས་ཡང་སྲིད་ཕེབས་ཕྱོགས་སོགས་དགེ་མཚན་མང་དག་ཅིག་ལ་བརྟེན།    འཆར་ལོའི་བོད་ཟླ་བཞི་པའི་ནང་སྐུ་ཕུང་ཞུགས་འབུལ་ཞུ་རྒྱུ་ཐུགས་གཏན་འཁེལ་ཡོད་པ་རེད་འདུག    དེའི་སྐོར་ང་ཚོའི་རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎