རྐྱང་ཕྱག་ཕུལ་བའི་ལས་འགུལ།
2012.08.12
དཀར་མཛེས་བ་བསོད་ནམས་དབང་འདུས།
༄༅༎ཕྱི་ཟླ་༨ཚེས་༡༡རེས་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་མཐོ་རིམ་སློབ་གྲྭའི་སློབ་མ་ལྔས་བོད་ནང་བོད་མི་ཚོས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་སྲེག་གི་ལས་འགུལ་བསྟུད་མར་སྤེལ་བཞིན་པ་རྣམས་དང༌།བོད་ནང་གི་དྲག་གནོན་འོག་གནས་བཞིན་པའི་བོད་མི་ཚོའི་ཆེད་དུ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་ལྡི་ལི་མཐོ་སློབ་ནས་བུདྷ་ཝི་ཧ་ར་བར་རྐྱང་ཕྱག་འཚལ་བའི་ལས་འགུལ་སྤེལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎