ཆུ་ལོག་གི་དཀའ་ངལ་འོག་ལྷུང་བ།
2013.06.19

ཚེ་བརྟན།
༄༅། །རྒྱ་གར་རྒྱལ་ས་ལྡི་ལིར་ལོ་ལྟར་དབྱར་དུས་སུ་ཆར་ཞོད་ཆེ་བའི་རྐྱེན་གྱིས་ཡ་མུ་ན་གཙང་ཆུ་གས་ཏེ། ཉེ་འཁོར་ས་གནས་ཁག་ཏུ་ཆུ་ལོག་གི་དཀའ་ངལ་འཕྲད་བཞིན་ཡོད་པ་ལྟར། ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་སྒར་གྱི་གཙོས་པའི་བོད་མི་གནས་ཡུལ་ས་གནས་ཁག་ཅིག་ཏུའང་ད་ཆ་ཆུ་ལོག་གི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད། དེའི་སྐོར་དབྱངས་སྒྲོལ་ལགས་ཀྱིས་དམིགས་བསལ་ཆེད་སྒྲིག་ཞུས་པའི་ལས་རིམ་ཞིག་གསན་རོགས་གནང་།།