ཆོས་ཀྱི་བྱེད་སྒོ་སྤེལ་སྐབས་དམ་བསྒྲགས།

རེབ་གོང་དུ་དགའ་ལྡན་ལྔ་མཆོད་སྐབས་རྒྱུན་གཏན་སྨོན་ལམ་སྤྱི་དང་། བོད་དོན་རང་སྲེག་གནང་མཁན་ཚོར་བསྔོ་སྨོན་མཛད་འདུག

2012.12.12
ཆོས་ཀྱི་བྱེད་སྒོ་སྤེལ་སྐབས་དམ་བསྒྲགས། རེབ་གོང་དུ་དགའ་ལྡན་ལྔ་མཆོད་སྐབས་སྨོན་ལམ་མཆོད་འབུལ་དང་། རང་སྲེག་གནང་མཁན་ཚོར་བསྔོ་སྨོན་གནང་།
བོད་ནས་བཏང་འབྱོར།

༄༅།    །བོད་ཟླ་༡༠ཚེས་༢༥ཉིན་རེབ་གོང་རོང་བོ་དགོན་ཆེན་དུ་སྔར་རྒྱུན་བཞིན་གྲྭ་ཚང་གསུམ་མཉམ་འཛོམས་ཐོག་དགེ་འདུན་པ་དྲུག་བརྒྱ་ལྷག་གིས་བདེ་མཆོག་ཆོ་གའི་སྒོ་ནས་ཚོགས་ཆེན་འདུ་ཁང་དུ་ཆོས་ཀྱི་བྱེད་སྒོ་ཆེན་པོ་སྤེལ་ཏེ། མཁའ་ཁྱབ་ཀྱི་འདས་གསོན་འགྲོ་བ་ཡོངས་ལ་བསྔོ་སྨོན་རྒྱ་ཆེན་དང་།    སྒོས་སུ་འཇམ་མགོན་ཙོང་ཁ་པ་ཆེན་པོའི་དགོངས་རྫོགས་ཀྱི་དུས་ཆེན་མཆོད་འབུལ་དང་སྐབས་བསྟུན་གྱིས།    བོད་བསྟན་སྲིད་མི་རིགས་རིག་གནས་དང་བཅས་པའི་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་མཛད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་བསྔོ་སྨོན་མཛད་འདུག
འོན་ཀྱང་ཉིན་དེར་ཉེན་རྟོག་པ་དང་། གསང་བའི་མི་སྣ་མང་པོས་རེབ་གོང་རོང་བོ་དགོན་ཆེན་དང་། སྒྲོལ་མ་ཐང་ཆེན། སྐོར་ལམ། གྲོང་ཁྱེར་སྲང་ལམ་སོགས་སུ་བལྟ་རྟོག་དམ་བསྒྲགས་ནན་པོ་བྱས་ནས་མི་མང་གི་འདུ་འཛོམས་ལ་ཚོད་འཛིན་ནན་པོ་བྱས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎