བོད་ཀྱི་་གནས་སྟངས་ལ་ཐུཊ་འཚབ།
2012.10.25
ཨ་རིའི་ཕྱི་སྲིད་ལས་ཁུངས།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་གྱི་ནང་དུ་ཨ་མེ་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ཝིཀ་ཊོ་རི་ཡ་ནིའུ་ལེནཌ་ Victoria Nuland མཆོག་ལ་གསར་འགོད་པ་ཞིག་གིས་རྒྱ་ནག་གཞུང་ནས་རང་ལུས་མེར་སྲེག་གཏོང་བའི་ལས་འགུལ་ཇུས་འགོད་པ་རྩིས་སྤྲོད་བྱས་ཚེ་བྱ་དགའ་སྤྲད་རྒྱུའི་གསལ་བསྒྲགས་སྤེལ་བའི་གནད་དོན་སྐོར་བཀའ་འདྲི་ཞུས་སྐབས་ཁོང་ནས་ཨ་རིའི་གཞུང་ནས་བོད་ནང་གི་གནས་སྟངས་ལ་ཐུགས་འཚབ་ཆེན་པོ་ཡོད་པ་དང༌།རྒྱ་ནག་གཞུང་ལ་དཀའ་རྙོག་སེལ་ཐབས་དགོས་པའི་རེ་བ་བཏོན་དང་འདོན་བཞིན་ཡོད་པའི་སྐོར་གསལ་བཤད་གནང་བའི་ནང་དོན་རིག་འཛིན་ཆོས་སྒྲོན་ལགས་ནས་ཕྱོགས་སྒྲིག་ཞུས་པར་གསན་རོགས༎